རྔ་ཁུལ་གྱི་སྡེ་བ་བཞི་ནི་སི་ཁྲོན་གྱི་ཆེས་མཛེས་པའི་སྡེ་བར་བདམས།

2021-04-20
0

 ཟླ་3ཚེས་2ཉིན། རང་རེའི་རྔ་བ་ཁུལ་གྱི་ལིས་རྫོང་གི་ཞུའེ་ཁྲེང་གྲོང་རྡལ་དང་ཝུན་ཁྲོན་རྫོང་གི་ཆུ་མཆིག་གྲོང་རྡལ་གཉིས་ནི། སི་ཁྲོན་གྱི་ཆེས་མཛེས་པའི་གནའ་གྲོང་དུ་བདམས།   

       འཛམ་ཐང་རྫོང་གི་འཛམ་ཐང་བར་མའི་ཡུལ་ཚོའི་འཛམ་ཐང་སྡེ་བ་དང་གཟི་རྩ་སྡེ་དགུའི་སྟག་ལོ་ཡུལ་ཚོའི་སྟག་ལོ་སྡེ་བ་གཉིས་ནི། སི་ཁྲོན་གྱི་ཆེས་མཛེས་པའི་གནའ་གྲོང་དུ་བདམས།   

      ང་ཚོས་མཉམ་དུ་དེ་དག་གི་མཛེས་པ་མིག་གིས་ལོངས་སུ་སྤྱོད་པར་བྱ།   

ལིས་རྫོང་། ཞུའེ་ཁྲེང་གྲོང་རྡལ།   

     ཞུའེ་ཁྲེང་གྲོང་རྡལ་ནི་རྔ་བ་ཁུལ་གྱི་ལིས་རྫོང་གི་མངའ་ཁོངས་སུ་གནས་ཤིང་།  གནའ་བོའི་མཁར་མོ་ཆེ་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་108ཡོད་པ་དང་། ལིས་རྫོང་དང་བར་ཐག་སྤྱི་ལེ་24ཡོད། ལོ་ངོ་1400ལྷག་གི་ལོ་རྒྱུས་ལྡན།

ཝུན་ཁྲོན་རྫོང་། ཆུ་མཆིག་གྲོང་རྡལ།   

      ཆུ་མཆིག་གནའ་མཁར་ནི་ཝུན་ཁྲོན་རྫོང་གི་ལྷོ་རུ་གནས་ཤིང་། རྨིན་ཅང་གཙང་བོ་མཐའ་ནས་འབབ་པ། ལྷོ་རུ་རི་བོ་ཆིང་ཁེང་བརྗིད་ཅིང་རྔམ་པ། ནུབ་ཏུ་དོམ་ཁྲའི་རྩེད་འཇོ་རོལ་བ་བཅས་དགེ་བཅུ་ཚང་བའི་གནས་མཆོག་ལྟ་བས་མི་ངོམས་པ་ཞིག་ཡིན།

འཛམ་ཐང་རྫོང་། འཛམ་ཐང་བར་མའི་ཡུལ་ཚོའི་འཛམ་ཐང་སྡེ་བ། 

         འཛམ་ཐང་སྡེ་བ་ནི་འཛམ་ཐང་རྫོང་གི་བྱང་ཕྱོགས་སུ་གནས་ཤིང་། འཛམ་ཐང་བར་མའི་ཡུལ་ཚོའི་སྲིད་གཞུང་གནས་འདི་རུ་ཆགས་ཡོད། སྡེ་བའི་ནང་དུ་གནའ་བོའི་ཁྱད་ཆོས་མ་ཉམས་པའི་ཁང་བ་དང་། གནའ་རྫས་རྩ་ཆེན་ཡོད་པར་བཤད།  

གཟི་རྩ་སྡེ་དགུ་རྫོང་། སྟག་ལོ་ཡུལ་ཚོའི་སྟག་ལོ་སྡེ་བ།   

          སྟག་ལོ་སྡེ་བ་ནི་གཟི་རྩ་སྡེ་དགུ་རྫོང་གི་ནུབ་བྱང་རྒྱུད་དུ་གནས་ཡོད། བོད་མི་རིགས་རང་གི་ཁྱད་ཆོས་མ་ཉམས་པའི་ཡུལ་སྲོག་གོམས་གཤིས་དང་། ཐུན་མིན་གྱི་རང་བྱུང་གི་མཛེས་པ། གནའ་བོའི་ཁང་བ་བཅས་ཀྱིས་ཕྱོགས་དང་ཕྱོགས་མཚམས་ཀྱི་ལྗོངས་རྒྱུ་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུག་པར་གདོན་མི་ཟའོ།།  


  • 顶 0