སྟོན་དུས་ཀྱི་མཚོ་ཉིན་མཚེའུ།

2020-09-18
0

1.jpg

2.jpg

108cde4b-83f9-4008-a782-b37004bbc0e2.jpg

282c99f7-3d27-4062-868b-d17d54aa9d39_batchwm.jpg

ddda03cf-54d9-493e-bbe2-6f8dfb4eaa71_batchwm.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ཉིན་མཚེའུ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཁོངས་སུ་ཆགས་ཤིང་། དེ་ནི་མཚོ་བོད་མཐོ་སྒང་ཤར་སྣེའི་ས་མཐོའི་འདམ་ར་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཡན་ལག་ཀླུ་ཆུའི་ཆུ་ཁུངས་མཁོ་སྤྲོད་ཁུལ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཀན་སུའུ་མཚོ་ཉིན་རྩེ་ཚྭ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཚོ་ཉིན་སྲུང་སྐྱོང་ས་ཚིགས་ཀྱིས་འདམ་རར་ཕྱུགས་བཀག་ཁ་གསབ་དང་། སྐྱེས་ཁམས་སླར་གསོ། ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་མ་ཟད། ཉེ་བའི་ལོ་གཉིས་ནང་ཀན་སུའུ་ལ་ཆར་ཆུ་འབབ་ཚད་མང་བས་མཚོ་ཉིན་མཚེའུ་ཡི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་འདམ་རའི་སྐྱེ་ཁམས་མ་ལག་ཉིན་བཞིན་འཐུས་ཚང་དུ་གྱུར་ཡོད། །

                                                                                                             ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ། 


  • 顶 0