དབྱར་གྱི་རྔ་མར་འཇུས་ཏེ་མཛོད་དགེའི་མཛེས་སྡུག་ཉམས་སུ་རོལ་དུ་འགྲོ།

2020-09-15
0

        གནས་མཆོག་འདི་ཡི་ངོ་མཚར་ཆེ་བའི་མཛེས་སྡུག་གིས་ཁྱོད་རང་བྱིས་སྒྲུང་གི་འཇིག་རྟེན་དུ་ཁྲིད་དེ། ནམ་ཡང་སད་མི་འདོད་ལ་འབྲལ་ཡང་མི་འདོད་པའི་སྣང་བ་སྟེར། གནས་མཆོག་འདི་ཡི་མིང་ལ་མཛོད་དགེའི་རྩྭ་ཐང་ཆེན་མོ་ཟེར།

       མཛོད་དགེའི་སྟོན་ཁ་སླེབས་སྔ་ལ་ཟླ༨པའི་མཇུག་ལ་ཐོན་ན། རྩྭ་ཐང་གི་ལྗང་མདོག་དལ་གྱིས་ཡལ་ཏེ་གསེར་མདོག་གི་རྩྭ་ཐང་རྣམ་པར་བཞེངས་ཡོང་། སྐབས་འདིར་མཛོད་དགེའི་གླིང་བ་ཡུལ་ཚོའི་མངའ་ཁོངས་ལ་མཚོན་ན། ལུག་རུ་སེར་པོ་རྣམ་པར་བཞད་པའི་དུས་སྐབས་ཡིན་པས། གསེར་མདོག་གི་ས་གདན་བཏིངས་པ་ལྟར་རྩྭ་ཐང་ཡོངས་སུ་བཞད་དེ། ས་གཞི་ཆེན་མོར་གསེར་མདོག་གི་ན་བཟའ་གསར་བ་བཀླུབས་པ་དང་མཚུངས་པས། ངོ་མཚར་ཆེ་ཞིང་ཡིད་དུ་འོང་བ་ཞིག་རེད།

        ལོ་རེའི་སྟོན་ཁར་སླེབས་རྗེས་རྩྭ་ཐང་གི་མེ་ཏོག་སྣ་ཚོགས་རྙིད་མགོ་བརྩམས་ཏེ། གསེར་མདོག་གི་ན་བཟའ་ཡོངས་སུ་ཀླུབ་མགོ་རྩོམ་སྐབས།

         མཛོད་དགེ་རྫོང་གླིང་བ་ཡུལ་ཚོའི་མངའ་ཁོངས་སུ་ལུག་རུ་སེར་པོ་དལ་གྱིས་བཞད་དེ་མེ་ཏོག་སེར་པོའི་རྒྱ་མཚོ་འཁྱིལ་བས། མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག  གསེར་མདོག་གི་ཉི་འོད་ཁྲོད་མེ་ཏོག་གི་འདབ་མ་རེ་རེ་དལ་གྱིས་གཡོགས་ཤིང་རྩྭ་ཐང་ཡོངས་སུ་ལུག་རུ་སེར་པོའི་དྲི་བསུང་འཐུལ་ལ། མེ་ཏོག་གི་ཚོམ་བུར་ཕྱེ་མ་ལེབ་རང་དགར་འཕུར་ལྡིང་བྱེད་ཅིང་ནོར་ལུག་བག་ཕེབས་ངང་རྒྱུ་བཞིན་པས། ངོ་མཚར་ཆེ་བའི་རི་མོ་ལྟར་ཡིད་དབང་ཀུན་ནས་འཕྲོག

        རྒྱུས་ལོན་པ་ལྟར་ན། ལུག་རུ་སེར་པོ་ནི་རང་རྒྱལ་ལ་ཆེད་དུ་ཡོད་པའི་སྔོ་ཁེབས་སྐྱེ་དངོས་ཤིག་ཡིན་ལ། མང་ཆེ་བར་རང་རྒྱལ་གྱི་ཀན་ལྷོའི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད་དང་སི་ཁྲོན་གྱི་བྱང་རྒྱུད་བཅས་སུ་ཡོད་ལ། དེའི་ས་བབ་ཀྱི་ཆ་རྐྱེན་ཅུང་དཀའ་ཁག་ཆེ་བས། ད་ལྟའི་བར་མིའི་ཐབས་ཀྱིས་གསོ་སྐྱོང་བྱེད་ཐུབ་མེད། དེར་བརྟེན་ད་ལྟ་སྐྱེ་དངོས་འདི་སྔར་བཞིན་རི་སྐྱེས་ཁྲོད་གནས་ཡོད།

                                                        རྩོམ་ཁུངས།    མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གཞུང་ཕྱོགས་འཕྲིན་ཕྲན།


  • 顶 0