ཆུ་ཆེན་རྫོང་ཐུགས་ཆེན་གྲོང་རྡལ་དུ་ལྗོངས་སྐོར་ཚོང་འདུས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད།

2020-09-15
0


     རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་ཤུགས་ཆེན་གྱིས་གྲོང་གསེབ་དར་སྤེལ་བཏང་ཞིང་། ལྗོངས་སྐོར་ཚོང་འདུས་འཛུགས་སྐྲུན་གཙོ་བོར་བཟུང་སྟེ། ཚུལ་མཐུན་གྱིས་འཆར་འགོད་དང་རྣམ་གྲངས་བསྡུ་སྒྲིལ། ལམ་སྲོལ་འཐུས་ཚང་། དོ་དམ་གསར་གཏོད་བཅས་བྱས་ནས། ལྗོངས་སྐོར་ཚོང་འདུས་སྒྱུར་བཀོད་རིམ་སྤར་བྱས། མིག་སྔར་འཚོ་སྡོད་ལ་འཚམ་པ་དང་ལྗོངས་སྐོར་ལ་འཚམ་པའི་ལྗོངས་སྐོར་ཚོང་འདུས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད།

      རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་གཉིས་ཀྱི་རིང་ལ། ཐུགས་ཆེན་གྲོང་རྡལ་གྱིས་མ་དངུལ་སྒོར་ཁྲི་2000བཏང་ནས་ལྗོངས་སྐོར་ས་ཚིགས་བསྐྲུན་པ་དང་། གཞུང་ལམ་སྤྱི་ལེ་8སྒྱུར་བཀོད་རིམ་སྤར་བྱས་ལ། རླངས་འཁོར་འཇོག་ཚིགས་2གསར་དུ་བསྐྲུན་པ་དང་། གང་འདོད་དུ་སྤུངས་པའི་དངོས་ཟོག་མེད་པར་བཏང་བ་དང་སྨི་གྲུ་བཞི་མ་10000སྔོ་སྒྱུར་བྱས། གྲོང་ཁུལ་གྱི་རྒྱ་ཁྱོན་སྔར་ཡོད་ཀྱི་སྤྱི་ལེ་གྲུ་བཞི་མ་0.6ནས་ད་ལྟའི་སྤྱི་ལེ་གྲུ་བཞི་མ་3དུ་རྒྱ་བསྐྱེད་ཡོད་ཅིང་། རྒྱུན་སྡོད་མི་འབོར་ཁྲི་0.3ཟིན་ཡོད། དེ་དང་ཆབས་ཅིག་ད་ལོར་ཐུགས་ཆེན་གྲོང་རྡལ་གྱིས་ད་དུང་གྲོང་རྡལ་གྱི་མ་ལག་ཚང་བའི་ནུས་པའི་སྒྲིག་བཀོད་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། གྲོང་རྡལ་ཁྲོམ་གཞུང་གི་ལམ་ངོས་ནག་པོར་གྱུར་པ་དང་། གཞུང་ལམ་རྒྱ་ཆེར་བཏང་བ། ལམ་འགྲམ་གྱི་ལམ་སྒྲོན་སོགས་སྒྲིག་བཀོད་སྲུང་སྐྱོང་བྱས། གྲོང་སྡེ་སོ་སོའི་ཞིང་ལས་ལྗོངས་སྐོར་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་ནས་ཚོང་འགུགས་དངུལ་འདྲེན་གྱི་རྣམ་གྲངས་ལ་སྐུལ་འདེད་བཏང་ལ། ད་ལྟ་གད་སྙིགས་སྲེག་ས་དང་བཙོག་ཆུ་གཙང་སེལ་བྱེད་སའི་བཟོ་གྲྭའི་གནས་ཡུལ་བདམ་བཞིན་ཡོད་དོ།།


                                                                                རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


  • 顶 0