ཏ་ཁོག་འཁྱགས་རོམ་སྐྱེ་ཁམས་ལ་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཐོབ།

2020-09-15
0

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཏ་ཁོག་འཁྱགས་རོམ་ནི་རྔ་བ་ཁུལ་གྱི་ལྗོངས་སྐོར་སྤུས་རྟགས་ཀྱི་གྲས་ཤིག་ཡིན་པའི་“འཁྱགས་རོམ་ཆེན་པོ་”ཞིག་རེད། མཛེས་ལྗོངས་ཁུལ་དུ་དེང་རབས་འཁྱགས་རོམ་13ཡོད་ལ།འཁྱགས་རོམ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་6.04དང་འཁྱགས་རོམ་གྱི་རྣམ་པ་སྣ་མང་།ས་གཤིས་ས་ངོས་ཆགས་ཚུལ་ཕུན་སུམ་ཚོགས་པ། འཁྱགས་རོམ་ས་ཁོངས་ནི་ད་ལྟའི་བར་དུ་མཐོང་བའི་ཡུལ་ལྗོངས་མཛེས་ཤོས་དང་རྣམ་པ་མང་བའི་འཁྱགས་རོམ་ཞིག་རེད། མིག་སྔར་མཛེས་ལྗོངས་ཁུལ་གྱིས་ད་དུང་ཀྲུང་གོ་ཚན་རིག་ཁང་ནུབ་བྱངསྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་དང་མཉམ་ལས་བྱས་ཏེ།ཏ་ཁོག་འཁྱགས་རོམ་མཛེས་ལྗོངས་ཁུལ་དུ་འཁྱག་རོམ་གྱི་ཚན་རིག་ཚོད་ལྟ་གལ་ཆེན་བྱས་པ་དང་།མཛེས་ལྗོངས་ཁུལ་གྱི་འཁྱགས་རོམ་དཀྱིལ་སྨད་ཀྱི་བཞུར་བའི་ཁུལ་དུ་500m2(10m×50m)ཡོད་པའི་ཚོད་ལྟ་བྱ་ཡུལ་གཅིག་འཛུགས་པར་བྱས་ནས། འཁྱོགས་རོམ་ལ་མིའི་ཐབས་ཀྱིས་སྲུང་སྐྱོང་བྱ་རྒྱུ་བྱས།

        ཚོད་ལྟ་འདིས་ལྗོངས་རྒྱུ་བ་མང་བོའི་ཡིད་དབང་བཀུག་པ་དང་། དབྱར་ཁའི་གུང་གསེང་རིང་ལྗོངས་རྒྱུ་བ་མང་བའི་དུས་སུ་སླེབས་ནས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཀར་ཕན་པ་ཐོབ་ངེས།


                                                                                      རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


  • 顶 0