ལྗོངས་ཀྱི་བཀོད་པ་ལྟ་ན་སྡུག །ཕྱོགས་ཀྱི་མགྲོན་པོར་གཡབ་མོ་བྱེད། །

2019-12-16
0

组图-1(4617572)-20191213111220_副本.jpg

དགུ་ཆུའི་སྟོད་རྒྱུད་ཀྱི་ཆུ་གསོག་ནགས་ཁུལ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་ཡོངས་ནས་གཙང་སྦྲ་ཡག་པའི་གྲོང་རྡལ་བསྐྲུན་པ་དང་ཁྱིམ་གཞིས་ཇེ་མཛེས་སུ་གཏོང་བའི་བྱ་འགུལ་སྤེལ་ནས། སྔ་གཞུག་ཏུ་སྡེ་བ231“གཙང་སེལ་གསུམ་དང་དག་ཐེར་གཅིག”ལག་བསྟར་བྱེད་པའི་བྱ་འགུལ་ནང་ཞུགས། རིམ་པ་མང་པོ་དང་རྣམ་པ་མང་པོས་སྐྱེ་ཁམས་དཔལ་ཡོན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་པ་དང་སློབ་གསོ་གཏོང་བའི་བྱ་འགུལ་ཧུར་བརྩོན་གྱིས་སྤེལ་བས། མི་ཚང་མས་ཁོར་ཡུག་ལ་གཅེས་པ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ཁོར་ཡུག་ཇེ་མཛེས་སུ་གཏོང་བ་བཅས་ཀྱི་སྣང་ཚུལ་བཟང་པོ་ཞིག་ཆགས། རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་ཁོངས་སུ་གནས་པའི་དམེ་ཤུལ་ནགས་ཚལ་གྱི་རང་བྱུང་ཆ་རྐྱེན་ལེགས་ཤིང་རི་སྐྱེས་རྩི་ཤིང་ཕུན་སུམ་ཚོགས། 

组图-3(4617570)-20191213111238_副本.jpg

གྲ་དག་དྭངས་གཙང་གི་གཞིས་ཆགས་ཁོར་ཡུག

组图-4(4617571)-20191213111227_副本.jpg

དམེ་ཤུལ་ནགས་ཚལ་གྱི་མཛེས་ལྗོངས།

组图-2(4617569)-20191213111249_副本.jpg

རྨ་ཆུའི་འགྲམ་ངོགས་ཀྱི་བདེ་སྐྱིད་སྡེ་བ།


  • 顶 0