ཤིན་ཅང་ལྷོ་རྒྱུད་ཐང་སྟོང་དུ་ཟམ་ཆེན་བསྐྲུན་པ།

2019-11-27
0

འདི་ནི་ཟླ་11ཚེས་18ཉིན་ཤིན་ཅང་རུའོ་ཅང་རྫོང་ནས་པར་བླངས་པའི་ཧཱ་ལེ་ཐ་ས་དབྱི་ཡི་ཟམ་ཆེན་ཨང་བཞི་པ་ཡིན་པ།

     ཀེ་ཁུའུ་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁུར་ལེ་གྲོང་ཁྱེར་དང་སྦྲེལ་ཡོད་ཅིང་། ཤིན་ཅང་དུམ་བུ་དེ་རང་བྱུང་སྲུང་སྐྱོང་ཁུལ་མང་པོ་བརྒྱུད་དགོས་ལ་བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་མཐོ་གྲང་དང་སྐམ་ཤས་ཆེ་བའི་རྐྱེན་གྱིས་སྣོད་བཅུད་ཉམས་ཞན་ཡིན་པས། གཏོར་སྐྱོན་ཕོག་ཚེ། སླར་གསོ་བྱེད་ཁག་པོ་ཡོད། དེར་བརྟེན་ལྕགས་ལམ་བསྐྲུན་ས་མང་ཆེ་སར། ཟམ་པས་ལམ་གྱི་ཚབ་བྱེད་པའི་འཛུགས་སྐྲུན་བྱེད་ཐབས་སྤྱད་པ་མ་ཟད། ཟམ་སྐྲུན་རྣམ་པས་སྲོལ་རྒྱུན་གྱི་ས་ངོས་ལྕགས་ལམ་འདིང་བའི་ཚབ་བྱས་ཡོད། མ་གཞི་བཟོ་སྐྲུན་གྱི་རིན་གོང་མཐོ་ཡང་། ས་གནས་ཀྱི་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཧ་ཅང་ཆུང་དུ་ཕྱིན་ཡོད།


  • 顶 0