དུང་དཀར་ལུང་བ།

2018-11-07
0

   ཀྲུང་གོའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྕགས་ཟམ་ཁ་རྫོང་གི་ཁོངས་སུ། གནས་སྐོར་བ་དག་ལ་ཆ་རྒྱུས་དེ་འདྲ་མེད་པའི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཞིག་ཡོད། དེ་ནི་ཁམས་ཕྱོགས་སུ་ལྗོངས་རྒྱུ་བྱེད་སའི་གནས་མཆོག་དང་། འཛམ་གླིང་གི་ས་བབ་དམའ་བའི་འཁྱགས་ཀླུང་གཅིག་པུ་ཡིན་ཏེ། ངོ་མཚར་བའི་གནས་འདི་ལ༼དུང་དཀར་ལུང་བ༽ཞེས་འབོད།

   ངོ་སྤྲོད།​

  མི་ཁ་ཅིག་གིས༼ལུང་བའི་ཕུ་ཐག་གཅིག་ལ་དུས་ཚིགས་བཞི༽སོགས་བརྗོད་དེ་དུང་དཀར་ལུང་བའི་རང་བཞིན་མཚོན་པ་རེད། གནས་འདི་ཡི་ནམ་ཟླ་ཐུན་མོང་མ་ཡིན་པ་ཞིག་སྟེ།  རི་མགོར་ལོ་ཧྲིལ་བོར་ཁ་བས་གཡོགས་ཤིང་དྲོད་ཚད་གོར་ཐིག་མན་གྱི9℃ཡས་མས་དང་།  རི་འདབས་སུ་སྤྱིར་བཏང་དུ15℃ཡས་མས་ཡིན།  ལོ་འཁོར་མོར་སྔོ་ལྗང་ལྗང་དུ་གནས་པས་མཛེས་པའི་དཔལ་གྱིས་ཕྱུག་པ་ཞིག་རེད།

  དུང་དཀར་ལུང་བའི་ས་བབ་ཅུང་དམའ་བས་མི་སུ་ཡང་རི་མགོར་འཛེག་ཐུབ་པ་དང་།     ལྟོས་བཅས་ཀྱི་ས་བབ་མཐོ་ས་དང་ཐང་སྟོང་ཆེན་པོ་སོགས་རྒྱང་རིང་གི་གནས་སུ་ཡོད་པའི་འཁྱགས་ཀླུང་དང་བསྡུར་ན།  མི་ལ་དྲོད་འཇམ་དང་བདེ་བའི་སྣང་བ་སྟེར།  དུང་དཀར་ལུང་བར་ད་དུང་འཁྱགས་པས་བཀབ་པའི་མཚེའུ་དང་འཁྱགས་སྲུབས།   འཁྱགས་དོང་།   ཐུར་ཆགས་འཁྱགས་རོམ་སོགས་འཁྱགས་ཀློང་གི་ཁྱད་མཚར་བའི་ཡུལ་ལྗོངས་མང་བོ་ཡོད།

  དུང་དཀར་ལུང་བར་ཐུར་དུ་ཆགས་པའི་འཁྱགས་རོམ་ཆེན་པོ་ཞིག་ཡོད་དེ།  ཞེང་ལ་རྨིས1000ལྷག་ཡོད།   དབང་སྔོན་མདངས་ལ་འཁུ་བའི་འཁྱགས་རོམ་ལ་ཉི་འོད་འཕྲོས་ཚེ་བཀྲག་མདངས་འཚེར་ཞིང་ལྟ་ན་སྡུག   གངས་ཉིལ་དུས་ཁ་བ་དང་སྨུག་པས་བསྒྲིབས་ཤིང་སྒྲ་ཆེན་པོ་གྲགས་པས་ཐག་རིང་གི་གནས་ནས་ཀྱང་ཐོས་ཐུབ་།  དེ་ལས་ཀྱང་ངོ་མཚར་བ་ནི་དུང་དཀར་འཁྱགས་ཀླུང་དུ་ཆུ་ཚན་བཅུ་གྲངས་ཤིག་ཡོད་ཅིང་།  ཆུ་ཚན་ཡོད་ཚད་ཀྱི་དྲོད་ཚད་40℃ཡན་ཟིན་པ་དང་།    གནས་སྐོར་བ་དག་གིས་འཁྱགས་ཀླུང་གི་གནས་སུ་ཆུ་ཚན་དུ་ཞུགས་པའི་ངོ་མཚར་ཚོར་བ་ཉམས་ སུ་མྱོང་ཆོག་གོ།

  • 顶 0