རི་བོ་སྔོན་པོའི་རི་རྒྱུད།

2018-11-07
0

 

   རི་བོ་སྔོན་པོའི་རི་རྒྱུད་ནི་ཨོ་སི་ཁྲུ་ལི་ཡའི་ལྷོ་ཕྱོགས་ཀྱི་མངའ་སྡེ་ཞིན་ནན་བེར་ཧྲིའི་ཁོངས་སུ་ཡོད་པ་དང་། གྲོང་ཁྱེར་ཞི་ཉེ་དང་སྟོང་སྨི65ཡིས་ཆོད་པའི་སར་ཡོད། རི་མགོར་སྣུམ་ཕྱིར་གཏོང་ཚད་མང་བའི་ཨན་ཤིང་འདེབས་འཛུགས་བྱས་ཡོད་ཅིང་། ཨན་ཤིང་གི་སྣུམ་གྱི་ཐིགས་པ་སྡོང་ལོའི་འབྱིན་རྔུབ་ཁྲོད་ཕྱིར་བཏོན་ཏེ་མང་པོ་བསོགས་ཤིང་། འཁྱོག་འཕྲོའི་ཉི་འོད་འོག་ཁ་དོག་སྔོན་པོའི་སྨུག་པ་སྲབ་མོ་ཞིག་ཏུ་གྱུར། དེའི་རྐྱེན་གྱིས་རྒྱང་རིང་ནས་བལྟས་ན། རི་བོའི་མདངས་ནི་སྔོན་པོར་གྱུར་པས་ན། མི་རྣམས་ཀྱིས“རི་བོ་སྔོན་པོ”ཞེས་འབོད་པ་ཡིན།

  ཡུལ་གྱི་བཀོད་པ་དང་གྲུབ་ཚུལ།

  ཁ་དོག་སྔོན་པོའི་རི་རྒྱུད་གླེང་དུས། ཨ་མེ་རི་ཁར་བརྗིད་ཅིང་མཚར་སྡུག་ལྡན་པའི་སྨུག་འཛིན་རི་བོ་ཡོད་ལ། ཨོ་སི་ཁྲུ་ལི་ཡ་ན་རི་བོ་སྔོན་པོའི་རི་རྒྱུད་མཆིས།

  རི་བོ་སྔོན་པོའི་རི་རྒྱུད་ནི་ཨོ་སི་ཁྲུ་ལི་ཡའི་ལྷོ་ཕྱོགས་ཀྱི་མངའ་སྡེ་ཞིན་ནན་བེར་ཧྲིའི་ཁོངས་སུ་ཡོད་པ་དང་། གྲོང་ཁྱེར་ཞི་ཉེ་དང་སྟོང་སྨི65ཡིས་ཆོད་པའི་སར་ཡོད། རི་མགོར་སྣུམ་ཕྱིར་གཏོང་ཚད་མང་བའི་ཨན་ཤིང་འདེབས་འཛུགས་བྱས་ཡོད་ཅིང་། ཨན་ཤིང་གི་སྣུམ་གྱི་ཐིགས་པ་སྡོང་ལོའི་འབྱིན་རྔུབ་ཁྲོད་ཕྱིར་བཏོན་ཏེ་མང་པོ་བསོགས་ཤིང་། འཁྱོག་འཕྲོའི་ཉི་འོད་འོག་ཁ་དོག་སྔོན་པོའི་སྨུག་པ་སྲབ་མོ་ཞིག་ཏུ་གྱུར། དེའི་རྐྱེན་གྱིས་རྒྱང་རིང་ནས་བལྟས་ན། རི་བོའི་མདངས་ནི་སྔོན་པོར་གྱུར་པས་ན། མི་རྣམས་ཀྱིས་རི་བོ་སྔོན་པོ་ཞེས་འབོད་པ་ཡིན།

  རི་བོ་སྔོན་པོའི་རི་རྒྱུད་ནི་སྲ་ཞིང་མཁྲེགས་པའི་རྡེའུ་ཟེགས་ཚོགས་ཀྱིས་གྲུབ་པ་དང་། དེ་གར་གཡང་གཟར་ཆེ་བའི་བྲག་རི་དང་། ཕུ་ཐག་རིང་ལ་དོག་པའི་གྲོག་མོའི་ཆུ་རྒྱུན་ཡོད། གྲོག་ཆུས་ལོ་ངོ་མང་པོར་རྡེའུ་ཟེགས་བྲག་རྡོ་ལ་བརྡེག་པ་དང་བཤལ་བས་སྲུབས་ཀ་མང་པོ་བཏོད་རྐྱེན། རྦབ་ཆུ་དང་བྲག་ཕུག ཕུག་ལམ། རྫིང་ཆུ་ཟབ་མོ་སོགས་མང་པོ་ཡུན་གྱིས་གྲུབ། གནས་དེ་རུ། ཁྱོད་ཀྱིས་ད་དུང་ཤིན་ཏུ་དཀོན་ཞིང་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་དང་། རྩི་ཤིང་གི་རིགས་བརྒྱ་ཕྲག་ལྷག་མཐོང་ཐུབ། དེའི་ཁྲོད་དུ་ཨོ་སི་ཁྲུ་ལི་ཡའི་རྒྱལ་བྱ་སྟེ་རྒྱུད་མངས་བྱ་ཡང་འདུས། རྒྱུད་མངས་བྱ་ཕོ་དག་གིས་གནའ་རབས་ཀྱི་རྒྱུད་མངས་ལངས་གཟུགས་མ་ལྟ་བུ་སྒྲོ་སྤུ་ཡོད་པ་དང་། དེ་ལས་ཀྱང་ངོ་མཚར་བ་ནི་བྱ་དེ་ཡིས་བྱ་རིགས་དང་སྲོག་ཆགས་སྣ་ཚོགས་ཀྱི་སྐད་སྒྲར་ལད་ཟློས་བྱེད་ཤེས།

  རི་བོ་སྔོན་པོའི་མཚོན་བྱེད་རང་བཞིན་གྱི་མཛེས་ལྗོངས་ནི་མིང་དུ་གྲགས་པའི་གཅེན་སྲིང་སྤུན་གསུམ་རི་རྩེ་སྟེ། ཧ་ཅང་གཡང་གཟར་ཆེ་བས་དེར་འཛེག་པའི་ཐབས་བཀོད་ཧ་ལམ་བྲལ། ངག་རྒྱུན་ལ་དེ་དག་ནི་སྨན་པ་ལྷ་པའི་བུ་མོ་སྤུན་གསུམ་གྱི་སྤྲུལ་བར་བརྗོད་ཅིང་། སྨན་པ་ལྷ་པ་དང་དགྲ་བོ་དམར་འཛིང་བྱེད་དུས། སྨན་པ་ལྷ་པའི་སེམས་ཤུགས་སྒྲིམ་ནས་དགྲ་ཟླས་གནོད་སྐྱེལ་བར་གཡོལ་ཆེད་རྫུ་འཕྲུལ་གྱིས་བུ་མོ་དག་བྲག་རྡོར་བསྒྱུར། མཐའ་མར་ལྷ་པ་དགྲ་ལས་རྒྱལ་ཡང་། རང་གི་སྙིང་ཉེ་བའི་བུ་མོ་སྤུན་གསུམ་གཉུག་མའི་རྣམ་པར་སྒྱུར་མ་ནུས་པར་གྲགས་སོ༎

 

 

  

  • 顶 0