ཆར་ཆུ་མང་བའི་ཐིག་དམར་ནགས་ཚལ་གྱི་ནམ་ཟླ།

2018-11-07
0

   ཆར་ཆུ་མང་བའི་ཐིག་དམར་ནགས་ཚལ་གྱི་ནམ་ཟླ་ནི་མང་ཆེ་བར་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མའི་ཏུའུ་བཅུའི་བར་དུ་ཁྱབ་ཡོད་ཅིང་། མེ་གླིང་ལྷོ་མའི་ཡ་མ་ཞུན་རྩྭ་ཐང་དང་ཨ་ཧྥེ་རི་ཁ་གླིང་གི་ཁོང་ཀོ་གཤོང་ས། ཞའོ་ཞུན་ཐ་གླིང་ཚོམ་སོགས་ས་ཁུལ་བཅས་ནི་ཚབ་མཚོན་རང་བཞིན་གྱི་ས་ཁུལ་ཡིན་ལ། ལོ་ཧྲིལ་བོར་ཐིག་དམར་རླུང་ཚོམ་གྱི་ཚོད་འཛིན་འོག དྲོད་ཚད་མཐོ་བ་དང་ཆར་ཆུ་མོད་པ། རློན་ཚད་ཆེ་བ་ཡིན། ཡང་ལོ་ཧྲིལ་བོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་དྲུག(26℃)གི་ཡས་མས་ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཀྱི་བར་ཁྱད་ཅུང་ཆུང་ལ། ལོ་ཧྲིལ་བོའི་ནང་གི་ཆར་ཆུ་འབབ་ཚད་ཧའོ་སྨི་ཉིས་སྟོང་གི་ཡན་ཡིན་པར་མ་ཟད། དུས་བཞིའི་དབྱེ་མཚམས་ཅུང་སྙོམས་པ་ཡིན་ཞིང་། རང་བྱུང་གི་སྔོ་ཁེབས་ནི་ཆར་ཆུ་མང་བའི་ནགས་ཚལ་ཡིན།

  ངོ་སྤྲོད།

    གྲུབ་རྐྱེན།    

  རླུང་ཁམས་ཆེན་པོའི་འཁོར་རྒྱུག་ནི་གཏན་རླུང་ཁུལ་དེ་ཆར་ཆུ་མང་བའི་ཐིག་དམར་ཁུལ་དུ་འགྱེད་འཕྲོ་བྱུང་བ་ཡིས་ཐིག་དམར་གནོན་ཤུགས་དམའ་བ་མཐོ་རུ་སོང་བའི་སྣང་ཚུལ་གྲུབ་ནས་ཐིག་དམར་རླུང་ཚོམ་རྒྱས་པ་ཡིན།

  ཞབས་ངོས་ཀྱི་རྒྱ་མཚོའི་གཞི་ཁྱོན་ཆེ་བ་དང་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་གྱི་ཁྱབ་རྒྱ་ཆེ་བ་ཡིན།

  ཉི་མའི་འགྱེད་འཕྲོའི་གནས་ནི་ཐིག་དམར་ཁུལ་དུ་ཡོད་ཅིང་།  ཉི་མའི་འཕྲོ་ཚད་ཆེ་བ་དང་།  ཉིན་མཚན་གྱི་དབྱེ་མཚམས་མཉམ་པ་ཡིན།

    ཁྱད་ཆོས།

  དབྱར་གྱི་དུས་ཚིགས་རིང་བ་དང་དགུན་ནི་མེད་ལ།   དུས་བཞིར་འགྱུར་ལྡོག་མེད་ཅིང་།   ཆེས་འཁྱག་པའི་ཟླ་བའི་ནང་གི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་བཅོ་བརྒྱད(18℃)ཀྱི་ཡན་ལ་སོན་ཡོད་པ་དང་།    ཆེས་དྲོ་བའི་ཟླ་བའི་ནང་གི་དྲོད་ཚད་ཀྱང་སྤྱིར་བཏང་དུ་ཧྲེ་ཧྲིའི་དྲོད་ཚད་སུམ་བཅུ་སོ་བརྒྱད(38℃)ཀྱི་ཡན་ལ་མི་བརྒལ་བ་ཡིན།    ཡང་ལོ་ཧྲིལ་བོའི་ནང་གི་དྲོད་ཚད་ཀྱི་བར་ཁྱད་ནི་ཉིན་ཧྲིལ་བོའི་ནང་གི་དྲོད་ཚད་བར་ཁྱད་ལས་ཀྱང་ཆུང་བ་ཡིན་ལ།   ལོ་ཧྲིལ་བོའི་ནང་གི་དྲོད་ཚད་ཀྱི་བར་ཁྱད་ནི་སྤྱིར་བཏང་དུ་ཆེས་མཐོ་ཡང་ཧྲེ་ཧྲིའི་དྲོད་ཚད་གསུམ(3℃)གྱི་ཡན་ལ་མི་བརྒལ་བར་མ་ཟད།    ཉིན་ཧྲིལ་བོའི་ནང་གི་ཆ་སྙོམས་དྲོད་ཚད་ཀྱི་བར་ཁྱད་ཆེས་མཐོ་ཡང་ཧྲེ་ཧྲིའི་དྲོད་ཚད་བཅུ་གཉིས(12℃)ཀྱི་ཡན་ལ་བརྒལ་མི་སྲིད།    གཞན་ལོ་ཧྲིལ་བོར་ཆར་ཆུ་འབབ་ཚད་ཧ་ཅང་མང་བ་དང་།    ཐན་དུས་ནི་ཡོད་པ་མ་ཡིན་ལ།    ལོ་ཧྲིལ་བོའི་ཆར་ཆུའི་འབབ་ཚད་ནི་ཧའོ་སྨི་ཉིས་སྟོང་གི་ཡན་ལ་བརྒལ་བ་དང་།    ཆར་འབབ་ཚད་མང་བའི་དུས་མང་ཆེ་བ་ནི་ཉིན་གུང་གི་རྗེས་སུ་འཁེལ་ཡོད།

  • 顶 0