གླིང་སྣེའི་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ།

2018-11-07
0

 

   གླིང་སྣེའི་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་ནི་ནམ་ཟླའི་རིགས་ཤིག་ཡིན་ལ། ནམ་ཟླ་དེའི་ས་ཁུལ་མང་ཆེ་བར་འཁྱག་རོམ་མཐུག་པོའི་གཡོགས་ཡོད་པར་མ་ཟད། གྲང་ངར་ཆེ་བའི་ལྷགས་པ་མང་བས་སྐྱེ་དངོས་ཧ་ཅང་སྐྱེས་དཀའ་བ་ཡིན།

  ངོ་སྤྲོད།

    གླིང་སྣེའི་འཁྱག་རོམ་ས་ཁུལ་གྱི་ནམ་ཟླ་ནི་ནམ་ཟླའི་རིགས་ཤིག་ཡིན་ལ།   ནམ་ཟླ་དེའི་ས་ཁུལ་མང་ཆེ་བར་འཁྱག་རོམ་མཐུག་པོའི་གཡོགས་ཡོད་པར་མ་ཟད།    གྲང་ངར་ཆེ་བའི་ལྷགས་པ་མང་བས་སྐྱེ་དངོས་ཧ་ཅང་སྐྱེས་དཀའ་བ་ཡིན།    ཁྱབ་གནས།     

  གླིང་སྣེ་དང་དེའི་ཉེ་འཁོར་གྱི་ས་ཁུལ་དུ་ཁྱབ་ཡོད་པ་དང་།   ཀེ་རུན་ལན་དང་འཁྱག་རོམ་རྒྱ་མཚོ་བྱང་མའི་གླིང་ཕྲན་འགའ་ཤས།    ལྷོ་སྣེའི་སྐམ་ས་ཆེན་པོའི་འཁྱག་རོམ་ས་ཁུལ་གྱི་མཐོ་སྒང་སོགས་འདུ་བ་ཡིན།

    ཁྱད་ཆོས།

  གླིང་སྣེའི་འཁྱག་རོམ་ས་ཁུལ་ནི་འཁྱག་རོམ་གྱི་རྒྱ་མཚོའི་རླུང་ཚོམ་དང་ལྷོ་སྣེའི་རླུང་ཚོམ་གྱི་འབྱུང་ཁུངས་ཡིན་ལ།   དགུན་དུས་ཧྲིལ་བོར་ཉིན་དཀར་མེད་པ་དང་།    དབྱར་དུས་ཧྲིལ་བོར་མཚན་མོ་མེད་པ་ནི་ཡིན་མོད།   འོན་ཀྱང་ཉི་མའི་འོད་འཕྲེད་ཀྱིས་འཕྲོས་པའི་རྐྱེན་གྱིས་ཚ་བའི་ཆེ་ཆུང་ཧ་ཅང་ཞན་པ་ཡིན་ཞིང་།   དེའི་རྒྱུ་མཚན་གྱིས་ལོ་ཧྲིལ་བོར་ནམ་ཟླ་ཧ་ཅང་གྲང་ངར་ཆེ་བ་ཡིན་པར་མ་ཟད།   ཟླ་བ་སོ་སོའི་ནང་གི་དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་མན་ཡིན།

  ལྷོ་སྣེའི་སྐམ་ས་ཆེན་པོའི་ལོ་ཧྲིལ་བོའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་གོར་ཐིག་མན་གྱི་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་ལྔ(-25℃)ཡིན་ལ།     དེ་ནི་འཛམ་གླིང་སྟེང་གྲང་ངར་ཆེས་ཆེ་བའི་སྐམ་ས་ཆེན་པོ་དེ་ཡིན་ཞིང་།    སྤྱི་ལོ1967ལོར་ནོར་ཝེ་བ་ཡིས་ཡར་སྔོན་ཞིག་ལ་ཆེས་དམའ་བའི་དྲོད་ཚད་དམ་གོར་ཐིག་མན་གྱི་ཧྲེ་ཧྲིའི་དྲོད་ཚད་དགུ་བཅུ་གོ་བཞི་དང་གྲངས་ཆུང་ལྔའི(-94.5℃)ཚད་ཙམ་བཅལ་མྱོང་བ་དང་།    དེ་ལ་འཛམ་གླིང་གི་འཁྱག་སྣེ་རུ་འབོད།

  • 顶 0