གངས་འཁྱག་ནམ་ཟླ།

2018-11-07
0

   གངས་འཁྱག་ནམ་ཟླ་ལ་གཏན་འཁྱག་ནམ་ཟླ་ཡང་ཟེར་ཞིང་། འོག་ངོས་སུ་དུས་ཡུན་རིང་བོར་གངས་འཁྱག་གིས་གཡོགས་པའི་ས་ཁུལ་གྱི་ནམ་ཟླ་རིགས་ཤིག་ཡིན་ལ། དེ་ཡི་ཆེས་དྲོ་བའི་ཟླ་བའི་ནང་གི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་གོར་ཐིག(0℃)གི་མན་ཡིན། དེ་ནི་གཙོ་བོ་བྱང་སྣེའི་ས་ཁུལ་དང་ཀེ་རུན་ལན་གླིང་ཕྲན། ལྷོ་སྣེའི་སྐམ་ས་ཆེན་པོ་སོགས་ས་ཁུལ་གྱི་ནམ་ཟླ་ཡིན་ལ། དུས་ཡུན་རིང་བོར་གངས་འཁྱག་གིས་བསྡམས་པའི་ས་ཁུལ་དག་ནི་གོ་ལ་ཧྲིལ་བོའི་ནམ་ཟླ་ཡི་འཁྱག་ཁུངས་ཆེས་ཆེ་བ་དེ་ཡིན་པ་དང་། ཉེ་ལོགས་ཀྱི་ནམ་ཟླ་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ཐིག་དམར་བར་གྱི་ཚ་བའི་ཆེ་ཆུང་དང་ཆུའི་རློན་ཚད་སོགས་ཀྱི་བརྗེ་སྤོར་ལ་འགྱུར་བ་ཆེན་པོ་འབྱུང་བ་ཡིན།

  ངོ་སྤྲོད།

    གྲུབ་ཆ།

  1.སྲ་གཟུགས་ཀྱི་རྣམ་པའི་རླུང་ཁམས་ཆེན་པོའི་ཆུའི་རློན་ཚད་ཀྱི་སྤོ་འགུལ་རང་བཞིན་གྱི་སྤྲིན་གྱི་མ་ལག་འདུ་བ།

  2.ཡུན་ཐུང་དང་དུས་ཚིགས་རང་བཞིན།   ལོ་མང་བོའི་རིང་གི་གངས་འཁྱག་བཅས་ཀྱིས་ཕྱོགས་སུ་བཞུར་བའི་འཁྱག་རོམ་བསགས་པ་དང་།    དེ་ཡིས་ཆུའི་རླངས་པ་དཀག་པར་འགྱུར་བ་ཡིན།

  3.དུས་ཚིགས་རང་བཞིན་གྱི་འཁྱག་པས་བསྡམས་པའི་ས་གཤིན་དང་རི་བྲག་གི་སྲུབས་ཁའི་ཁྲོད་དུ་འཁྱག་རོམ་ཡོད་པ་ཡིན།

  4.དུས་ཚིགས་རང་བཞིན་དང་ལོ་མང་བོའི་རིང་གི་རང་བཞིན་གྱི་ཆུ་དང་ཚྭ་ཆུའི་གངས་འཁྱག་གིས་གཡོགས་པ།

  5.དུས་ཚིགས་རང་བཞིན་དང་ལོ་མང་བོའི་རིང་གི་ས་ངོས་དང་ས་འོག་གི་ཆུ་འཁྱག་པའི་བསྡམས་པ།

  6.གླིང་སྣེའི་ཕྱེད་གླིང་དང་སྐམ་ས་ཆེན་པོའི་རི་ཁུལ་ནི་འཁྱག་ཀླུང་དང་གངས་འཁྱག་གིས་གཡོགས་པ།

  7.རི་བྲག་གི་སྟེང་རིམ་དུ་འབྱུང་ཁུངས་འདྲ་མིན་སྣ་ཚོགས་ནས་ཐོན་པའི་ལོ་མང་བོའི་རིང་ལ་མི་ཞུ་བའི་འཁྱག་རོམ་ཡོད་པ་ཡིན།

  • 顶 0