སྤོ་དཀར་ལ།

2018-10-10
0

 

   སྤོ་དཀར་ལ་ནི་འབར་ཁམས་གྲོང་ཁྱེར་གྱི་མངའ་ཁོངས་རི་རྒྱུད་ཅིག་ཡིན། ཤར་ཕྱོགས་ལིས་རྫོང་གི་ཉག་ལོ་ཡུལ་ཚོ་དང་འབྲེལ་ཡོད། མིང་དངོས་ལ་རི་རྩེ་དཀར་བོ་ཟེར། 

  ངོ་སྤྲོད་རགས་བསྡུས།

  ལྷ་རྒྱལ་གླིང་དང་འབར་ཁམས་གཞུང་ལམ་ཞེས་པའི་ལམ་མདོ་དེ་ན་སྤོ་དཀར་ལ་ཟེར་བའི་ལ་ཆེན་ཞིག་ཡོད། སྤོ་དཀར་ལ་ཆགས་ས་ནི་འབར་ཁམས་གྲོང་ཁྱེར་གྱི་མངའ་ཁོངས་ཡིན། ཤར་ཕྱོགས་ལིས་རྫོང་གི་ཉག་ལོ་ཡུལ་ཚོ་དང་འབྲེལ་ཡོད། མིང་དངོས་ལ་རི་རྩེ་དཀར་བོ་ཟེར་རི་རྩེ་ན་ཁ་བ་དཀར་བོ་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན། རི་རྒྱུད་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4415-4642ཡིན། ལྷོ་བྱང་དུ་རྒྱུགས་པའི་མིན་ཅིང་གཙང་པོའི་ཆུ་རྒྱུད་དང་རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུད་ཀྱི་དབྱེ་མཚམས་ཡིན།  སྤོ་དཀར་ལའི་ཉག་ཀ་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4243ཡོད། སྤྱི་ལོ2001ལོའི་སྔོན་དུ་འབར་ཁམས་གྲོང་ཁྱེར་ནས་ཁྲེང་ཏུའུ་བར་དུ་སྐྱོད་སའི་གཙོ་ལམ་ཡིན།

  དཔྱད་གཞིའི་ཡིག་ཆ།

  1  འབར་ཁམས་རྫོང་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི 《འབར་ཁམས་རྫོང་གི་ལོ་རྒྱུས》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་ཟླ10པའི་པར་གཞིར་གསལ། 

  2   《འབར་ཁམས་རྫོང་གི་ལོ་རྒྱུས》 པེ་ཅིན་ས་གནས་ལོ་རྒྱུས་དཔེ་སྐྲུན་ཁང་། 1991-2005ལོའི་པར་གཞིར་གསལ། 

  3   《རྔ་བ་ཁུལ་ས་གནས་ལོ་རྒྱུས》 མི་རིགས་དཔེ་སྐྲུན་ཁང་། 

  • 顶 0