ཚོགས་རས་སྔོ་ལྡང་།

2018-10-10
0

   རི་བོ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཁོངས་སུ་ཡོད། 

    ​ངོ་སྤྲོད།

  གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ལྷོ་ཕྱོགས་རྡོ་རྗེའི་ཆུ་འགྲམ་རྒྱུད་དུ་ཡོད་པའི་ཚོགས་རས་སྔོ་ལྡང་ངམ་དེང་ལ་སྒྲོལ་མའི་གཡུ་རྡེའུ་རུ་འབོད་པའི་རི་བོ་འདི་རྒྱང་རིང་ནས་བལྟས་ན་དབྱིབས་གུར་ཞིག་དང་འདྲ་བ་དང་སྒྲོལ་མའི་ཚོགས་འཁོར་བསྐོར་སར་བཤད་པས་ཚོགས་རས་སུ་འབོད་པ་ཡིན།

  རི་བོ་མཐོ་རྒྱུ་མེད་ཅིང་རི་བོའི་རྩེ་རུ་རྡོ་ཨ་རུ་ར་སོགས་རྡོའི་རིན་པོ་ཆེ་སྣ་ཚོགས་ཡོད་པ་མ་ཟད་ཚོགས་རས་རྩེ་ན་སྐྱ་མི་གཤར་ཆོག་པའི་ཁེར་ལམ་ཞིག་ཡོད་པ་དབུས་སྐོར་དང་མཐའ་རུ་ཕྱི་སྐོར་ཡོད།  ཚོགས་རས་ཀྱི་ཉེ་འགྲམ་དུ་ཆུ་བོ་ཞིག་ཡོད་ཅིང་ཆུ་བོ་དེ་འཐུང་ན་ནད་ཀུན་ལ་ཕན་ཞིང་ཚོགས་རས་ལ་བསྐོར་བ་བརྒྱབ་ན་སྡིག་སྒྲུབ་སེལ་ཐུབ་པར་བཤད། དེའུ་འབུར་གྱི་སྟེང་དུ་རྡོ་ཨ་རུ་ར་སོགས་རྡོ་རིན་པོ་སྣ་མ་སྣ་ཚོགས་ཡོད་པས་བསྐལ་ལྡན་གྱི་བསོད་ནམས་ལྟར་རྙེད་ཐུབ་པ་ཡིན།

   མིང་ཐོགས་ཚུལ།

  • 顶 0