ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐྱོད་པ།

2018-07-05
0

  

  ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ཕྱོགས་སུ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་༤.༥ཡོད། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་ཆ་སྙོམས་སྨི་༤༦༠༠ཡོད། ལོ་ལྟར་གྱི་གནམ་གཤིས་དྲོད་ཚད་ཆ་སྙོམས་ཀོར་ཐིག་མན་གྱི་ཏུའུ་༡༠ནས་ཀོར་ཐིག་མན་གྱི་ཏུའུ་༤ཙམ་ཡིན་ཞིང་། གྲང་ངར་ཧ་ཅང་ཆེ་བའི་སྐབས་ཀོར་ཐིག་མན་གྱི་ཏུའུ་༤༦ལ་སླེབས་ཀྱི་ཡོད་པ་རེད། སྲུང་སྐྱོང་ཁུལ་དེ་སྤྱི་ལོ་༡༩༩༦ལོར་ཞིང་ཆེན་རིམ་པའི་སྲུང་སྐྱོང་བྱེད་ཁུལ་དུ་བདམས་པ་དང་། ༡༩༩༧ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གྱུར། ༢༠༠༦ལོར་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དེ་རྒྱལ་ཡོངས་དཔེ་སྟོན་རང་བྱུང་སྲུང་སྐྱོང་ཁུལ་དུ་བདམས། 

   ངོ་སྤྲོད་ལྟར་ན། མིག་སྔར། སྲུང་སྐྱོང་ཁུལ་དུ་མངལ་སྐྱེས་སྲོག་ཆགས་རིགས་༣༡དང་། བྱ་རིགས་༦༠ལྷག ཉ་རིགས་༦ཙམ། ནུབ་འགྲོའི་སྲོག་ཆགས་ཀྱི་རིགས་༡ཙམ་བཅས་ཡོད་ཅིང་། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས་༧དང་། རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་༡༧ཡོད་པ་རེད། གཞན་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་བྱེད་མི་སྣས་ལོ་བཅུ་ཕྲག་ལྷག་རིང་འབད་བརྩོན་བྱས་པར་བརྟེན། ད་ཆ་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དུ་གཙོད་མགོ་གྲངས་ཁྲི་༦ལྷག་ཙམ་ཡོད་ལ། དེ་སྔོན་གཙོད་མགོ་གྲངས་ཁྲི་༢ལྷག་ལས་མེད་དོ། ། 

 

  • 顶 0