རྔ་བའི་མིང་གི་བྱུང་ཚུལ།

2017-12-06

   

  རྔ་ཁོག་གམ་རྔ་བ་ནི་རྨར་རོལ་མ་ལག་དྲུག་གི་ནང་ཚན་ཡིན་ཏེ། རྔ་ཁོག་བ་ལགས་སྐྱ་མོ་རྨར་གྱི་ལག་ཅེས་ཟེར་རོ།། རྨར་རོལ་མ་ལག་དྲུག་གི་ས་ཐམས་ཅད་ལ་ངེས་ཚིག་ཡོད་པའི་ངེས་པ་མེད་ལ་འདོད་རྒྱལ་གྱི་མིང་ཡང་ཡོད། རྔ་བ་ཞེས་པ་ས་དབྱིབས་ཀྱི་སྒོ་ནས་བཏགས་པ་ཡིན་ཟེར་ཞིང་། དེའི་ས་དབྱིབས་ནི་རྔ་འདྲ་བའི་ཟླུམ་པོ་ཞིག་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་པ་ཡིན་ཟེར་ན། དེའི་ས་དབྱིབས་ལ་བལྟས་ན་བདེན་པ་འདྲའོ།།  

 

  ཡུལ་འདི་ནི་བོད་ཀྱི་ཡུལ་ཕྱོགས་གཞན་དང་འདྲ་བར་གནའ་དུས་ནས་བོད་རིགས་ཡོད་པ་དང་། གླིང་རྗེ་གེ་སར་གྱི་དཔུང་འདི་གར་འོངས་ནས་རེ་ཞིག་བསྡད་དེ། རྔ་སྨད་འདིར་ཁྲོ་ཐུང་གིས་མདའ་ལ་ཞིང་བཏབ། ཕུ་ལ་ཕྱུགས་སྐྱོང་། རི་སུལ་དུ་རི་དྭགས་རྔོན་པའི་ས་བྱས་པའི་ལོ་རྒྱུས་ཡོད།

 

 ཨ་འབུམ་རྒྱལ་གྱིས་གླིང་བཟའ་ཞིག་བླངས་པའི་བུ་འབུམ་སྐྱབས་དང་། འབུམ་དགེ འབུམ་ཡག་གསུམ་སྐྱེས་པའི་ཆུང་བ་འབུམ་ཡག་དང་། ཕ་ཨ་འབུམ། ཨ་མྱེས་ལྷ་རྒྱལ་འབུམ་ཁྱིམ་གཅིག་བྱས་ཏེ། དཔོན་གཡོག་འབངས་བཅས་རྨར་ཤོད་དུ་སྤོས་ཤིང་། ཁོབ་ལེ་སྒ་མཁར་དང་། གཉན་མཁར་གཉིས་ཨ་འབུམ་ཕ་བུའི་མཁར་བྱས། རུ་སྔོ་མཚོ་ཁའི་དཔོོན་རྣམས་དང་སྡེ་རྣམས་རྔ་ཁོག་སོགས་སུ་བསྡད།།

 

<