མལ་གྲོ་གུང་དཀར་གྱི་བཙན་པོ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ།

2015-06-18
0

 

སྲོང་བཙན་སྒམ་པོའི་འཁྲུངས་ཡུལ། 

    རྒྱ་མ་ནི་བཙན་པོ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཡིན་ཞིང་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཡོད།  དེ་ཡང་སྲོལ་རྒྱུན་སྲུང་འཛིན་དང་བོད་ཀྱི་ལོ་རྒྱུས་ཁྱབ་རྒྱས་སུ་གཏོང་བར། ཅང་སུའུ་ཞིང་ཆེན་གྱིས་མལ་གྲོ་གུང་དཀར་རྫོང་ལ་བཙན་པོ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་འཛུགས་པར་རྒྱབ་སྐྱོར་གནང་། ལས་གཞི་འདི་ནི ༢༠༠༧ ལོའི་ཟླ༧པར་ཇུས་མགོ་བརྩམས་པ་དང་། ༢༠༠༨ལོའི་ཟླ༦པའི་ཚེས ༢༧ ཉིན་འཛུགས་སྐྲུན་ལས་མགོ་བརྩམས་ཏེ༢༠༡༠ལོའི་ཟླ༦པར་ལེགས་འགྲུབ་བྱུང་།   ལས་གཞི་འདིར་བསྡོམས་པས་མ་དངུལ་སྒོར་ཁྲི༣༥༠༠དང་། དེ་ལས་ཅང་སུའུ་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི༢༠༠༠བཏང་ནས་རོགས་སྐྱོར་བྱས།

 

སྲོང་བཙན་སྒམ་པོའི་འཁྲུངས་ཡུལ། 

 

སྲོང་བཙན་སྒམ་པོའི་འཁྲུངས་ཡུལ། 

    དེར་གཙོ་བོ་སྲོང་བཙན་སྒམ་པོའི་རྗེས་དྲན་ཁང་དང་། སྲོང་བཙན་ལྷ་ཁང་། བྱམས་པ་མི་འགྱུར་གླིང་གི་རྗེས་ཤུལ། ཧོར་ཁང་གཞིས་ཀ བྱམས་པ་མི་འགྱུར་གླིང་གི་ཆུ་མིག་སོགས་ཡོད། སྲོང་བཙན་སྒམ་པོ་ནི་བོད་ཀྱི་ལོ་རྒྱུས་སྟེང་ཆེས་གལ་ཆེ་ཞིང་ཚང་མར་ཆ་རྒྱུས་ཆེ་བའི་རྒྱལ་པོ་ཞིག་ཡིན། ཁོང་གིས་བོད་ཁུལ་གཅིག་གྱུར་དང་སྲ་བརྟན་དུ་གཏོང་ཆེད་ཐབས་ཇུས་གང་མང་བཏོནཔ་སྟེ། སངས་རྒྱས་ཆོས་ལུགས་དར་སྤེལ་དང་། བོད་ཡིག་གསར་བཟོ། འཇལ་ཚད་གཅིག་གྱུར་སོགས་བཙུགས་པ་མ་ཟད། རྒྱལ་ཁབ་ཀྱི་མངའ་འབངས་ཡོངས་ལ་ས་ཞིང་རྨོ་བར་སྐུལ་སློང་གནང་། དེ་མིན་རྒྱལ་ཁབ་གཞན་དང་འབྲེལ་བ་སྲ་བརྟན་དུ་གཏོང་ཆེད། ཐང་རྒྱལ་རབས་དང་བལ་བོའི་བར་གཉེན་འབྲེལ་བཙུགས་ཏེ། བཙུན་མོ་འུན་ཤིང་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་གཉིས་ཁབ་ཏུ་བསུས། སྤྱི་ལོ༦༤༡ལོར་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བསུས་དུས། དམར་པོ་རིའི་སྟེང་དུ་ཕོ་བྲང་པོ་ཏ་ལ་བརྩིགས་པ་མ་ཟད། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ་གཉིས་བཞེངས་ཤིང་། དེས་དུས་སྐབས་དེའི་བོད་ཀྱི་དཔལ་འབྱོར་དང་རིག་གནས། ཆོས་ལུགས། གསོ་རིག་བཅས་འཕེལ་རྒྱས་བྱེད་པའི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

  • 顶 0