རྩྭ་ཐང་གི་མུ་ཏིག་སྟེ་གཙོས་གྲོང་ཁྱེར།

2015-06-16
0

 

    གཙོས་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་མཚམས་སུ་ལན་ཀྲུ་གྲོང་ཁྱེར་རིང་དུ་གྱེས་པའི་དང་སྤྱི་ལེ་༢༧༦མཚམས་སུ་ཆགས་ཡོད།  བསང་ཆུ་རྗོང་གི་གཙོས་གྲོང་རྡལ་ནས་རིམ་བཞིན་འཛུགས་སྐྲུན་བྱས་ཏེ་གཙོས་གྲོང་ཁྱེར་དུ་གྱུར། སྤྱི་ལོ་༡༩༥༦ལོ་ནས་བཟུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་སུ་གྱུར་བ་ཡིན། 

  གཙོས་གྲོང་ཁྱེར་དུ་བོད་དང་རྒྱ།  སོག་པོ།  ཧོས་རིགས་སོགས་མི་རིགས་མང་དུ་འདུས་སྡོད་བྱས་པའི་མི་འབོར་ཁྲི་༥་ཙམ་ཡོད།  ལྷོ་བྱང་གི་སྲང་ལམ་ཁ་ཞེང་ཆེ་བ་དང་གཙང་བ། རྒྱ་ལམ་གཡས་གཡོན་དུ་ཚོང་ཁང་མང་པོ་བཙུགས་ཡོད་པས་བོད་ཀྱི་ཚོང་རྫས་གཙོ་བྱས་པའི་ཚོང་རྫས་འཚོང་རྒྱུ་ཡོད་པ་རེད།  དེང་དུས་གཙོས་གྲོང་ཁྱེར་ནི་གུང་གསེང་གཏོང་སའི་གནས་ཁྱད་པར་ཅན་ཞིག་ཏུ་གྱུར་ཡོད། 

  • 顶 0