རྨ་སྲིབ་གྲོང་རྡལ་བྱང་རྒྱུད་ཀྱི་ཁྲི་ཀའི་གནའ་མཁར།

2015-06-15
0

ཁྲི་ཀའི་གནའ་མཁར། 

     གནའ་མཁར་འདིའི་མཁར་ཤུལ་ནི་རྨ་སྲིབ་གྲོང་རྡལ་གྱི་བྱང་རྒྱུད་དེ། རྨ་ཆུ་དང་བར་ཐག་སྨི༥༠༠ཙམ་གྱི་མཚམས་ན་ཡོད། གནས་ཡུལ་གྱི་སྒོ་ནས་མིང་ལའང་དེ་ལྟར་དུ་ཐོགས། མཁར་འདི་ནི་མིང་རྒྱལ་རབས་ཀྱི་གོང་མ་མིང་ཐའེ་ཙུའུ་ཀྲུའུ་ཡོན་ཀྲང་གི་ཧུང་ཝུའུ་ཁྲི་ལོ་བདུན་པ་ནས་བཅུ་གསུམ་གྱི་བར་ཏེ། སྤྱི་ལོ༡༣༧༤ནས༡༣༨༠ལོའི་སྐབས་སུ་བསྐྲུན་པ་ཞིག་ཡིན་ཞིང་། མིང་རྒྱལ་རབས་ཀྱི་གོང་མ་མིང་ཧྲིན་ཙུང་གི་ཝན་ལི་ཁྲི་ལོ་བཅོ་བརྒྱད་པར(སྤྱི་ལོ༡༥༩༠ལོར)མཁར་འདིའི་གྲུབ་ཆ་ཁག་ཅིག་གསར་དུ་བསྐྲུན་པ་ནས་བཟུང་སྟེ། ཆིང་རྒྱལ་རབས་ཀྱི་གོང་མ་ཆིང་མུའུ་ཙུང་གི་ཐུང་ཀྲི་ཁྲི་ལོ་དང་པོ(སྤྱི་ལོ་༡༨༦༢ལོ)དང་། ཀྲུང་ཧྭ་མིན་གོའི་རྒྱལ་རབས་ཀྱི་སྲིད་ལོ་བརྒྱད་པ(སྤྱི་ལོ༡༩༡༩ལོ)། ཀྲུང་ཧྭ་མིན་གོའི་རྒྱལ་རབས་ཀྱི་སྲིད་ལོ་བཅོ་བརྒྱད་པའི(སྤྱི་ལོ༡༩༢༩ལོ)བར་དུ། སྔ་ཕྱིར་ཐེངས་གསུམ་ལ་ཞིག་གསོ་བྱས་མྱོང་།

     མཁར་ནི་གྲུ་བཞི་ཡིན། མཁར་འདིའི་མཐའ་སྐོར་གྱི་རིང་ཚད་ལ་སྨི༢༢༧༨དང་། མཐོ་ཚད་ལ་སྨི༡༡.༧། མཁར་རྟིང་གི་ཞེང་ཚད་ལ་སྨི༩.༣། མཁར་ཁའི་ཞེང་ཚད་ལ་སྨི༤། མདའ་ཡབ་ཀྱི་རིང་ཚད་ལ་སྨི༡.༧། མཁར་ཁར་མདའ་ར༣༢༠བཅས་ཡོད། མཁར་མཐའ་རུ་གཏིང་ཚད་ལ་སྨི5དང་། ཞེང་ཚད་ལ་སྨི༡༠.༧ཅན་གྱི་དགྲ་འགོག་འོབས་དོང་ཡོད། ལྷོ་བྱང་གཉིས་སུ་མཁར་སྒོ་བཏོད་ཡོད། ༡༩༨༤ལོར་རྫོང་སྲིད་གཞུང་གིས་དེང་སང་ཤུལ་ན་ལྷག་ཡོད་པའི་བྱང་ངོས་དང་ཤར་ངོས་ཀྱི་མཁར་གྱང་ཞིག་འཕྲོ་དེ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་བྱ་ཡུལ་གྱི་གྲས་སུ་བཞག་ཡོད།

  • 顶 0