བོད་ཀྱི་ཡུལ་འདིར་དགུན་དུས་སྤྲོ་གསེང་བྱེད་ས་འདི་འདྲ་ཞིག་འདུག

2019-11-28
0

གངས་ཀྱི་འདབ་མ་ལྷབ་ལྷུབ་ཏུ་བབ་ནས་གནམ་ས་གཉིས་ཡུགས་གཅིག་ཏུ་སྦྲེལ་བ་དང་། ས་གཞི་ཆེན་པོས་གོས་དཀར་བཀླུབས་ཏེ་རི་ཀླུང་ཐམས་ཅད་ཡིད་དུ་འོང་བར་གྱུར་བ་ནི་དུང་དཀར་ལུང་པའི་དགུན་དུས་ཀྱི་མཛེས་ལྗོངས་དེ་རེད། ཁ་བའི་མཛེས་ལྗོངས་དང་གླུ་གར་གྱི་དགའ་སྟོན་ཁྲོད། དུང་དཀར་ལུང་པར་ཡུལ་སྐོར་དུས་ཆེན་ཞིག་གཟབ་རྒྱས་ངང་སྤེལ་ནས་ཡུལ་སྐོར་རྣམས་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

དུང་དཀར་ལུང་པའི་རི་རྩེར་ཉི་འོད་ཕོག་པ།

     སྤྱི་ཟླ་11པའི་ཚེས་20ཉིན་2019ལོའི་སི་ཁྲོན་གངས་འཁྱག་དང་ཆུ་ཚན་ཡུལ་སྐོར་དུས་ཆེན་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུང་དཀར་ལུང་པ་ནས་སྤེལ་འགོ་ཚུགས་པ་དང་། གངས་འཁྱག་ཡུལ་སྐོར་བརྗོད་གཙོར་བྱས་པའི་བྱེད་སྒོའང་འབྱུང་འགྱུར་གྱི་ཉིན་ཤས་ནང་རབ་དང་རིམ་པའི་ངང་སྤེལ་རྒྱུ་ཡིན་པ་རེད།  སི་ཁྲོན་ཞིང་ཨུད་ཀྱི་རྒྱུན་ཨུད། དྲིལ་བསྒྲགས་པུའི་པུའུ་ཀྲང་ཀན་ལིན་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

དུང་དཀར་ལུང་པའི་སྟོན་ཉམས།

     ངོ་སྤྲོད་བྱས་པར་གཞིགས་ན། འགོ་ཚུགས་མཛད་སྒོ་ལས་གཞན། སྤྱི་ཚེས་21ཉིན་ནས་22ཉིན་བར། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་ཚོང་ཟོག་འགྲེམ་ཚོང་དང་། དུང་དཀར་ལུང་པའི་གངས་འཁྱག་ཆུ་ཚན་ལུས་རྩལ་འགྲན་ཚོགས། བོད་ཀྱི་སྲོལ་རྒྱུན་གྱོན་ཆས་འཁྲབ་སྟོན་སོགས་ཡན་ལག་བྱེད་སྒོ་བརྒྱད་སྤེལ་རྒྱུ་ཡིན་པ་རེད། གཞན་ཡང་། དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱིས་སྤྱི་ལོ་2019ལོའི་ཟླ་11པའི་ཚེས་11ཉིན་ནས་སྤྱི་ལོ་2020ལོའི་ཟླ་3པའི་ཚེས31ཉིན་གྱི་རིང་། ལོ་གསར་ཚེས་གཅིག་ཉིན་དང་དཔྱིད་གསར་དུས་ཆེན་ཕུད། ཉིན་ལྟར་སྒོར་11ཅན་གྱི་གོང་བཅག་པ་སེ་1100མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

དུང་དཀར་ལུང་པར་ཁ་བ་བབས་རྗེས།

དུང་དཀར་ལུང་པའི་འཁྱག་ཀླུང་།

     དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡན་ལེས།  དུང་དཀར་ལུང་པ་ནི་གངས་དཀར་རི་བོའི་རི་འདབ་ན་གནས་ཤིང་། འཁྱག་རོམ་དང་རྦབ་ཆུ། ཆུ་ཚན་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། སླད་ཕྱིན། གངས་འཁྱག་དང་ཆུ་ཚན་བརྗོད་གཙོར་བྱས་པའི་བྱེད་སྒོ་མུ་མཐུད་དུ་སྤེལ་ནས་ཟླ་བ་རེར་བརྗོད་གཞི་རེ་དང་། གཟའ་འཁོར་རེར་བྱེད་སྒོ་རེ་ཡོད་པ་བྱ་རྒྱུ་ཡིན་ཞེས་གསུངས།

དུང་དཀར་ལུང་པའི་ཆུ་ཚན།

     དུང་དཀར་ལུང་པ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྕགས་ཟམ་ཁ་རྫོང་གི་ཁོངས་སུ་གནས་ཤིང་། འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་མང་པོ་ལྡན་ཡོད། དེ་ནི་ཁམས་ཕྱོགས་སུ་ལྗོངས་རྒྱུ་བྱེད་སའི་གནས་མཆོག་དང་། འཛམ་གླིང་གི་ས་བབ་དམའ་བའི་འཁྱགས་ཀླུང་གཅིག་པུ་ཡིན་ཏེ། སྤྱི་ལོ་2027ལོའི་ཟླ་2པའི་ཚེས་25ཉིན། དུང་དཀར་ལུང་པ་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་དུ་གསར་དུ་བདམས་ཐོན་བྱུང་ཡོད་པ་རེད།༼པར་རིས་མཁོ་འདོན་བྱེད་མཁན། དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ།༽


  • 顶 0