མཐོ་སྒང་གི་ནམ་ཡང་མི་ནུབ་པའི་སྐར་མ་འོད་ཆེན། སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས། 《འོད་ཟེར་ཚགས་པར》ལས་དྲངས་ནས་བསྒྱུར། 2020-08-31

2021-05-22
0

འདི་ནི་ཟླ་5ཚེས་19ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་སྦྲེལ་མཐུད་བརྒྱུད་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་ཉིང་ནུས་མཉམ་ལས་རྣམ་གྲངས་ཏེ་ཐེན་དབན་ཉིང་རྡུལ་གློག་ཁང་དང་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་ལས་འགོ་ཚུགས་པའི་མཛད་སྒོར་དཔང་པོ་གནང་བ།

འདི་ནི་ཟླ་5ཚེས་19ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་སྦྲེལ་མཐུད་བརྒྱུད་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་ཉིང་ནུས་མཉམ་ལས་རྣམ་གྲངས་ཏེ་ཐེན་དབན་ཉིང་རྡུལ་གློག་ཁང་དང་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་ལས་འགོ་ཚུགས་པའི་མཛད་སྒོར་དཔང་པོ་གནང་བ།

 ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་སྦྲེལ་མཐུད་བརྒྱུད་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་ཉིང་ནུས་མཉམ་ལས་རྣམ་གྲངས་ཏེ་ཐེན་དབན་ཉིང་རྡུལ་གློག་ཁང་དང་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་ལས་འགོ་ཚུགས་པའི་མཛད་སྒོར་དཔང་པོ་གནང་བ་རེད།

  པེ་ཅིང་གི་དུས་ཚོད་ཆུ་ཚོད་17ཙམ་ལ་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེ་མོའི་ཚོགས་ར་གཙོ་བོར་ཕེབས་ནས་ཁེ་ལི་མུའུ་ལིན་ཕོ་བྲང་གི་ཚོགས་ར་གཙོ་བོར་ཡོད་པའི་ཕུའུ་ཅིང་དང་ཕན་ཚུན་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་རེད།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཕུང་དང་ཨུ་རུ་སུའི་ཙུང་ལི་གཞོན་པ་ནུའོ་ཝ་ཁེས་མཉམ་དུ་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

   ཀྲུང་ཨུ་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱི་འགན་འཁུར་བ་དང་ལས་གྲྭ་འཛུགས་སྐྲུན་པའི་འཐུས་མིས་བརྙན་ལམ་སྦྲེལ་མཐུད་བརྒྱུད་ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲོང་ཁྱེར་ཐེན་དབན་ཉིང་རྡུལ་གློག་ཁང་གི་ཡན་ལག་ཚོགས་ར་དང་། ལེའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་གི་ཡན་ལག་ཚོགས་ར། མོ་སི་ཁོ་སྲིད་གཞུང་ཐོག་བརྩེགས་ཁང་ཆེན་གྱི་ཡན་ལག་ཚོགས་ར། ལུའོ་སི་ཐུའོ་ཕུའུ་ཀྲོའུ་ཡི་རྡུལ་ཕྲན་ནུས་པའི་འཕྲུལ་ཆས་བཟོ་སྐྲུན་བཟོ་གྲྭའི་ཡན་ལག་ཚོགས་ར་བཅས་ཁག་སོ་སོའི་མཛད་སྒོར་ཞུགས་པ་རེད། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་འགན་འཁུར་བས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལ་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུས་པ་རེད།

  རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁག་སོ་སོར་ཤིས་ཚིག་བསྒྲོན་པ་རེད།

  ཞི་ཅིན་ཕིང་གིས་ཀྲུང་ཨུའི་ཉིང་ནུས་མཉམ་ལས་རྣམ་གྲངས་ལས་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ་དང་འབྲེལ་རྒྱལ་ཁབ་གཉིས་པོའི་འཛུགས་སྐྲུན་པ་ཚོར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་ཞིང་། ཞི་ཅིན་ཕིང་གིས་འདི་ལོ་ནི《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བའི་ལོ་རེད། ང་དང་ཙུང་ཐུང་ཕུའུ་ཅིང་གིས་ཆུ་ཚད་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་སྒོ་ནས་ཕྱོགས་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་ཐག་བཅད་པ་ཡིན། དུས་རབས་ཀྱི་རིམས་ནད་གནས་ཚུལ་གཅིག་རྗེས་གཉིས་མཐུད་ཀྱི་ཐོན་པའི་ལོ་བརྒྱའི་འགྱུར་ལྡོག་གི་མདུན་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཕན་ཚུན་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་མཉམ་ལས་དམ་ཟབ་བྱས་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་དོན་སྙིང་ཟབ་མོ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནུས་རྒྱུའི་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཁྲོད་ཀྱི་གལ་ཆེ་ཤོས་དང་། གྲུབ་འབྲས་མང་ཤོས། ཁྱབ་རྒྱ་ཆེ་ཤོས་བཅས་ཀྱི་ཁྱབ་ཁོངས་ཤིག་ཡིན་པ་དང་། ཉིང་ནུས་ནི་དེའི་འཐབ་ཇུས་རང་བཞིན་གྱི་སྔོན་ལ་མཉམ་ལས་བྱས་པའི་ཁ་ཕྱོགས་ཤིག་ཡིན་པ། རྣམ་གྲངས་གལ་ཆེན་རབ་དང་རིམ་པ་སྔ་རྗེས་སུ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། དེ་རིང་ལས་འགོ་ཚུགས་པའི་ཉིང་གློག་འཕྲུལ་ཚན་4ནི་ཀྲུང་ཨུའི་ཉིང་ནུས་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཡིན་པའི་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་དེའི་ཐད་ཐུགས་རེ་ཁག་གསུམ་བཏོན་གནང་བ་སྟེ།

  གཅིག བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་ཉིང་ནུས་མཉམ་ལས་ཀྱི་དཔེ་མཚོན་གཏོད་དགོས་ཤིང་། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་པོའི་སྒོ་ནས་འཕྲུལ་ཚན་4པོ་བསྐྲུན་པ་དང་འཁོར་སྐྱོད་ཡག་པོ་བྱས་ཏེ་ཉིང་རྡུལ་བདེ་འཇགས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་ཚད་གཞི་གཏོད་དགོས། ལེགས་ཆ་གསབ་རེས་འདོན་སྤེལ་གང་ལེགས་བྱས་ནས་ཉིང་རྡུལ་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ཀྱི་ཁྱབ་རྒྱ་དང་གཏིང་ཚད་ཆེ་རུ་བཏང་སྟེ་འཛམ་གླིང་གི་ཉིང་ནུས་བྱ་གཞག་འཕེལ་རྒྱས་ཆེད་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་དགོས།

   གཉིས། གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཉིང་ནུས་ཚན་རྩལ་མཉམ་ལས་ཀྱི་ནང་དོན་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཉིང་རྡུལ་ཁོར་ཡུག་སྲུང་སྐྱོང་དང་། ཉིང་རྡུལ་སྨན་བཅོས། ཉིང་རྡུལ་འབུད་རྫས། སྔོན་ཐོན་གྱི་ཉིང་གློག་གི་ལག་རྩལ་བཅས་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་ཉིང་ནུས་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་། འགག་རྩའི་ལག་རྩལ་ཞིབ་སྤེལ། གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཉིང་ནུས་ཐོན་ལས་དང་རབས་གསར་པའི་གྲངས་འཛིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་ཉིང་ནུས་གསར་གཏོད་འཕེལ་རྒྱས་ཆེད་བློ་གྲོས་དེ་བས་མང་བ་འབུལ་དགོས།

   གསུམ། འཐབ་ཇུས་མཉམ་ལས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་བཅོས་སྐྱོང་མ་ལག་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། དེ་བས་དྲང་གཞག་དྲང་བདེན་དང་། དོ་སྙོམས་ཀུན་ཕན། སྒོ་དབྱེ་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་ནུས་རྒྱུའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་བཅོས་སྐྱོང་ལ་ཇུས་གཞི་དེ་བས་མང་བ་སྐྱེས་སུ་འབུལ་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་ནི་རྒྱལ་ཁབ་ཁག་གི་ཐུན་མོང་གི་ལས་འགན་ཞིག་རེད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཐཱན་ཉུང་མཉམ་ལས་རྣམ་གྲངས་དེ་བས་མང་བར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

  ཕུའུ་ཅིང་གིས་ཐེན་དབན་ཉིང་རྡུལ་གློག་ཁང་དང་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་ལས་འགོ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ལས་གྲྭ་འཛུགས་སྐྲུན་བདེ་བླག་དང་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཨུ་རུ་སུ་ཕྱོགས་ལ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། འདི་ལོ་ནི《ཨུ་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བའི་ལོ་རེད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་དང་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་ཁག་ཚང་མ་དོན་འཁྱོལ་ཡག་པོ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཁྱབ་ཁོངས་ཉིན་བཞིན་རྒྱ་ཆེར་འགྲོ་བཞིན་ཡོད། ཉིང་ནུས་མཉམ་ལས་ཞི་བའི་ངང་སྤྱོད་པ་ནི་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་རིང་ལས་འགོ་ཚུགས་པའི་ཉིང་གློག་འཕྲུལ་ཚན་རྣམ་གྲངས་བཞི་ལས་ཨུ་ཀྲུང་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་གསར་པ་བསྣན་རྒྱུ་མ་ཟད། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་རམ་འདེགས་ཐུབ་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་མིའི་རིགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་ཆེད་དགེ་མཚན་ལྡན་པའི་འབད་བརྩོན་དང་ལེགས་སྐྱེས་འབུལ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  ཐེན་དབན་ཉིང་རྡུལ་གློག་ཁང་གི་ཡན་ལག་ཚོགས་ར་དང་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་གི་ཡན་ལག་ཚོགས་རའི་ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ལ་ལས་འགོ་འཛུགས་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་སྙན་སེང་ཞུས།

   ཞི་ཅིན་ཕིང་གིས“ལས་འགོ་ཚུགས”ཞེས་བཀའ་བཏང་བ་རེད།

   རྡུལ་ཕྲན་ནུས་པའི་འཕྲུལ་ཆས་བཟོ་གྲྭའི་ཡན་ལག་ཚོགས་རའི་ཨུ་རུ་སུ་ཕྱོགས་ཀྱི་འཐུས་མིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལ་སྒྲིག་ཆས་སྒྲིག་སྦྱོར་བྱས་ཟིན་ཞེས་སྙན་སེང་ཞུས།

   ཕུའུ་ཅིང་གིས“འགོ་ཚུགས”ཞེས་བཀའ་བཏང་བ་རེད།

   ཐེན་དབན་ཉིང་རྡུལ་གློག་ཁང་དང་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་གི་ཨར་སྐྲུན་བྱ་ཡུལ་གྱི་ཨར་འདམ་ལུགས་དང་པོ་དེ་བརྒྱབ་ནས་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་པ་རེད།

   དབྱང་ཅེ་ཁྲེ་དང་ཝང་དབྱི་སོགས་གོང་གི་བྱེད་སྒོར་ཞུགས་པ་རེད།

   ཐེན་དབན་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་7པ་དང་8པ་དང་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་3པ་དང་4པ་བཅས་ནི་2018ལོའི་ཟླ་6པར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔང་པོ་གནང་ནས་མཚན་རྟགས་བཀོད་པའི་ཕྱོགས་གཉིས་པོའི་ཉིང་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་རབ་དང་རིམ་པའི་ཁྲོད་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་376ཟིན་རྒྱུ་ཡིན་པ་དང་དེ་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་3068ཉུང་དུ་ཕྱིན་པ་དང་མཚུངས་ཀྱི་ཡོད།

39.7K


  • 顶 0