ཐེ་རོན་ཕུའི་ཚོགས་པར་ཉེས་དོན་བརྟག་དཔྱད་བྱས་པ།

2021-05-21
0

ཨ་རིའི་སྨྱན་སྦྱོར་གྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་18ཉིན་གྱི་དགོང་མོ་གནས་ཚུལ་སྤེལ་བ་ལྟར་ན། ཉིའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་གཞུང་དོན་ཁང་གིས་ཐེ་རོན་ཕུའི་ཚོགས་པར་བརྡ་བཏང་ནས། ཀུང་སི་དེར་བརྟག་དཔྱད་བྱེད་པའི་ཁྱབ་ཁོངས་དམངས་དོན་ཁྱབ་ཁོངས་ཁོ་ན་མ་ཡིན་པ་བཤད་ཡོད་པ་རེད།

     ཉིའུ་ཡོག་སྤྱི་ཁྱབ་ཞིབ་དཔྱོད་དཔོན་གཞུང་དོན་ཁང་གིས་མན་ཧྭ་ཐོན་ཞིབ་དཔྱོད་ཁང་དང་མཉམ་ལས་བྱས་ནས། ཐེ་རོན་ཕུའི་ཚོགས་པའི་ཉེས་དོན་ཉེས་བསགས་གནད་དོན་ལ་བརྟག་དཔྱད་ཧུར་ཐག་བྱེད་བཞིན་ཡོད། ཡིན་ནའང་མིག་སྔར་བརྟག་དཔྱད་ཀྱི་ཞིབ་ཕྲའི་གནས་ཚུལ་གྱི་ཆ་འཕྲིན་མང་པོ་ཕྱིར་བསྒྲགས་མི་འདུག

     སྤྱི་ལོ་2020ལོའི་དབྱར་དུས་ནས་བཟུང་། ཉིའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་གྱིས་སྐབས་དེར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ལུགས་མཐུན་མ་ཡིན་པའི་བྱེད་ཐབས་བརྒྱུད་ནས་རང་ཉིད་ཀྱི་རྒྱུ་ནོར་རིན་ཐང་ཚོད་འཛིན་བྱས་ནས་ཕན་ལྡན་གྱི་དངུལ་བུན་རག་ཐབས་བྱེད་པ་དང་། དཔལ་འབྱོར་དང་ཁྲལ་བསྡུའི་གཟིགས་སྐྱོང་ཐོབ་ཐབས་བྱས་ཡོད་མེད་ལ་བརྟག་དཔྱད་བྱེད་འགོ་ཚུགས་ཡོད་པ་རེད།


                                            ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།


  • 顶 0