ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་ཟླ6པའི་མཇུག་ཏུ་ཤར་གཏོང་ཐུབ་རྒྱུ་རེད།

2021-05-11
0

འདི་ནིG6ཅིང་བོད་མྱུར་བགྲོད་གཞུང་ལམ་ཡངས་པ་ཅན་ནས་ལྷ་སའི་མཚམས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་ས་བར་གྱི་མཚམས་ནི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བG6གི་གྲུབ་ཆ་གལ་ཆེན་ཡིན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་ལས་གཞི་གལ་ཆེན་ཡང་ཡིན། 2020ལོའི་ཟླ10པའི་ཚེས1ཉིན་ཡངས་པ་ཅན་ནས་ལྷ་ས་བར་རླངས་འཁོར་ཤར་གཏོང་ཐུབ་ཡོད་ཅིང་། ལས་གཞི་དེའི་ཆ་ཤས་ལྷག་མ2021ལོའི་ཟླ6པའི་ཟླ་མཇུག་ཏུ་ལམ་ཐིག་ཧྲིལ་བོར་རླངས་འཁོར་ཤར་གཏོང་བྱ་རྒྱུའི་འཆར་གཞི་ཡོད། ལམ་ཐིག་ཧྲིལ་བོར་རླངས་འཁོར་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་ཡིན་པས་ས་ཁོངས་ཀྱི་གཞུང་ལམ་དྲ་བའི་གྲུབ་ཆ་དང་ནུས་པ་འཐུས་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། །


  • 顶 0