བོད་ལྗོངས་ཀྱི་ས་གནས་ཁག་གིས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ།

2021-03-09
2

དང་བླངས་པས་སྨན་པར་རོགས་འདེགས་བྱས་ཏེ་ནད་པའི་ཁྲག་ཤེད་ལ་ལྟ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་ཤས་རིང་། བོད་ལྗོངས་ཀྱི་ས་གནས་ཁག་གིས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྣ་མང་ཕུན་སུམ་ཚོགས་པོ་སྤེལ་ནས་ལེ་ཧྥུན་གྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་དཔལ་ཡོན་གྱི་དར་སྲོལ་བཟང་བོ་ཁྱབ་གདལ་དུ་བཏང་ནས་རྒྱ་ཆེའི་དང་བླངས་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུའི་འབོད་སྐུལ་བཏང་།

ན་གཞོན་དང་བླངས་པས་ཕན་བདེ་ཁང་གི་རྒན་རྒོན་ལ་ཟ་མ་གཡོ་སྐོལ་བྱེད་བཞིན་པ།

ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་སློབ་མས་སྲང་ལམ་ལ་གཙང་སྦྲ་བྱེད་བཞིན་པ།

བོད་ལྗོངས་མཐའ་མཚམས་ཀྱི་མི་དམངས་ཉེན་རྟོག་པས་རྒན་མོ་སྒྲོལ་མར་འཚམས་འདྲི་བྱེད་བཞིན་པ།


  • 顶 0