འཆི་མེད་ཀྱི་པར་རིས་ཟིན་ཐོ། མི་སེམས་དགའ་བའི་མཐོང་ཐོས།

2021-01-31
0


微信图片_20210130170217.jpg

ཟླ་བ་དང་པོའི་ཚེས་ཉེར་དགུ་ཉིན། སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་ཚོགས་འགོ་ཚུགས་པས། ༢༠༢༡ལོའི་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་དངོས་སུ་འགོ་ཚུགས་པ་མཚོན། ད་ལོ་ནི་འཆི་མེད་དབང་མོས་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས་པའི་ལོ་བཞི་པ་རེད། འཆི་མེད་དབང་མོ་ལ་མཚོན་ན། ཐོབ་ཐང་འདི་ནི་བླ་ན་མེད་པའི་གཟི་བརྗིད་ཅིག་ཡིན་ལ། ཕྲག་ཐོག་ཏུ་བབ་པའི་འགན་འཁྲི་ལྗིད་མོ་ཞིག་ཀྱང་རེད།

微信图片_202101301702172.jpg

དེ་རིང་ནས་བཟུང་། ཁམས་པའི་བརྙན་འཕྲིན་ཁང་གི་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་འཕྲིན་སྦྱོར་ཀུན་འདུས་སྒྲོག་གཏོང་ཚོགས་པས་འཆི་མེད་ཀྱི་པར་རིས་ཟིན་ཐོཞེས་པའི་ཆེད་སྒྲིག་ལེ་ཚན་བཏོན་ཏེ། ང་ཚོ་འཆི་མེད་དབང་མོ་དང་མཉམ་དུ་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ལ་རྒྱུས་ལོན་བྱེད་སར་འགྲོ

微信图片_202101301702171.jpg

ཚང་མར་ཁམས་བཟང་། ང་ནི་འཆི་མེད་དབང་མོ་ཡིན།རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་བྱེད་བཞིན་ཡོད་པས།ད་ལོའི་ཚོགས་ཆེན་གཉིས་བློ་བདེ་མོ་དང་བག་ཕེབས་མོས་ཚོགས་ཐུབ་ཡོད།ལུས་དྲོད་འཇལ་བ་དང་། ཉིང་བསྐྱུར་ཚོད་ལེན་བྱས་རྗེས་མགྲོན་ཁང་ནང་དུ་བསྡད་ཆོག་པས་ཚོགས་ཞུགས་འཐུས་མི་ཨུ་ཡོན་རྣམས་བློ་བདེ་བཅུག་ཡོད།

微信图片_202101301702175.jpg

ཡུན་རིང་མ་མཇལ་བའི་གྲོགས་པོ་ཚོ་ཡང་བསྐྱར་མཉམ་ཏུ་འཛོམས་ནས།ཚང་མས་ཕན་ཐོགས་པའི་གྲོས་འགོ་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་ཁྱེར་ཡོད། ལས་ལ་འབད་པའི་གོ་རིམ་ཁྲོད་ཕྲག་ཏུ་བབ་པའི་འགན་འཁྲིའང་ཚོར་ཐུབ།མི་རིགས་ས་ཁུལ་གྱི་ཨུ་ཡོན་ལ་མཚོན་ན་བོད་སྐད་སྒྲ་བསྒྱུར་དང་། བོད་ཡིག་གི་གྲོས་ཚོགས་ཡིག་ཆ་འདི་དག་གིས་གེགས་མེད་ཚོགས་ཞུགས་ལ་མཐུན་རྐྱེན་བསྐྲུན་ཡོད

微信图片_202101301702173.jpg

འགན་བཞེས་པའི་ལོ་བཞི་རིང་འདས་པའི་ལོ་གཅིག་དང་མ་འོངས་པའི་ལོ་གཅིག་ནང་།ཕ་ས་ཕ་ཡུལ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡོད་པ་དང་གྲུབ་འབྲས་གང་ཞིག་ཐོབ་ཡོད་པ་རང་གིས་ཤེས་གསལ་ཡིན།ན་ནིང་ལོ་ནི་དབུལ་བྲལ་འགག་སྒྲོལ་ལས་རྣམ་པར་རྒྱལ་བའི་ལོ་རེད། སི་ཁྲོན་བོད་ཁུལ་གྱི་ཁུལ་དང་རྫོང་སོ་སོ་དུས་ལྟར་དབུལ་ལས་བྲལ་ཡོད། དེ་རིང་གི་འགོ་ཚུགས་མཛད་སྒོའི་ཐོགཧྲུའུ་ཅི་ཕེན་ཆིང་ཧྭ་ཡིས།༢༠༢༡ལོར། སི་ཁྲོན་གྱིས་ནུབ་རྒྱུད་གསར་གཏོད་འཇོན་མི་མཐོ་ས་འཛུགས་སྐྱོང་བྱས་ནས། དར་རྒྱས་ཆེན་པོ་ལྔ་སོགས་ལས་ཀ་བསྒྲུབ་དགོས་ཞེས་གསུངས་བས།ཕ་ཡུལ་སྐྱིད་པའི་མ་འོངས་མདུན་དུ་བསུ་བའི་རི་མོ་ཡིད་ལ་འཆར་བྱུང་།

微信图片_202101301702176.jpg

ད་ལོའི་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུའི་ནང་། འདས་པའི་ལོ་གཅིག་ནང་གི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་དཀའ་ལས་བརྒྱབ་ཚུལ་དང་གྲུབ་འབྲས་ཐོབ་ཚུལ་བཀོད་ཡོད།ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན།ཨུ་ཡོན་རྣམས་ཀྱིས་བསྡོམས་པས་གྲོས་འགོ་ཆིག་སྟོང་སུམ་བརྒྱ་དང་ལྔ་བཏོན་ཡོད། དེའི་ནང་གྲོས་འགོ་རེ་བརྒྱད་ནི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་སྐོར་ཡིན། གྲོས་འགོ་གོ་བརྒྱད་ནི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་གལ་ཆེན་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ལ་རམ་འདེགས་བྱེད་པའི་སྐོར་རེད།གྲོས་འགོ་བརྒྱ་དང་ཉེར་ལྔས་དབུལ་བྲལ་འགག་སྒྲོག་གི་མཇུ་བསྡུ་བའི་ལས་ཀར་བསྟན་ཡོད། གྲུབ་འབྲས་འདི་དག་ཐོབ་ཡོད་པས་མི་སེམས་དགའ་འོས་པ་ཞིག་རེད།

微信图片_202101301702177.jpg

གཞི་གྲངས་འདི་དག་གིས་ང་ཚོར་སྐུལ་མ་ཐེབས་པ་མ་ཟད།ང་ཚོས་སྲིད་གྲོས་ལས་ཀ་ལོ་རེ་ནས་ལོ་རེ་ཇེ་ཡག་སོང་ཡོད་པ་ཤེས་བཅུག་བྱུང་།འདས་པའི་ལས་ཀར་ཕྱོགས་བསྡོམས་ནན་མོ་དང་མ་འོངས་པའི་ལས་ཀར་བཀོད་སྒྲིག་གསལ་པོ་བྱས་ཤིང་ལག་ལེན་བསྟར་བའི་རང་བཞིན་དྲག་པོ་ལྡན།

སྲིད་གྲོས་ཨུ་ཡོན་ཞིག་ཡིན་པས། ང་རང་ལ་སྤོབས་པ་སྔར་ལས་ཆེན་པོ་ཡོད་པ་དང་ཁ་ཕྱོགས་སྔར་ལས་གསལ་པོ་ཡོད།ཧྲུའུ་ཅི་ཕེན་ཆིང་ཧྭས་བཏོན་པའི་སྲིད་གྲོས་ཨུ་ལྷན་གྱིས་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་ལག་བསྟར་སོགས་ལས་ཀའི་ནང་བྱས་རྗེས་འཇོག་དགོས་པ་བཏོན་ཡོད། དེའང་ང་ཚོས་རྗེས་མའི་འགན་བཞེས་དུས་ཀྱི་འབད་འབུངས་ཀྱི་ཁ་ཕྱོགས་ཀྱང་རེད།


  • 顶 0