སྐབས་བཅུ་གསུམ་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་འཚོགས།

2021-01-31
0
图片
图片

སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་ཁྲེང་ཏུའུ་ནས་འཚོགས།

     གྲོས་ཚོགས་ཐོག་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཕུལ་བའི་ལས་ཀའི་སྙན་ཞུ་ལ་གསན་པ་རེད། སྙན་ཞུ་ནི་ཚན་པ་གསུམ་གྱིས་གྲུབ་ཡོད་དེ། ༢༠༢༠ལོའི་ལས་ཀར་ཕྱིར་དྲན་དང་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཙོ་བོ། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་དང་༢༠༣༥ལོའི་དམིགས་འབེན་རྒྱང་རིང་བོའི་སྤྱིའི་བསམ་གཞིགས། ༢༠༢༡ལོའི་ལས་ཀའི་བཀོད་སྒྲིག་བཅས་ཡིན། སྙན་ཞུ་ཡིས་ད་དུང་སི་ཁྲོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་འགོད་དང་༢༠༣༥ལོའི་དམིགས་འབེན་རྒྱང་རིང་བོའི་གཙོ་གནད་མ་ཟིན་བཅས་ལ་གསལ་བཤད་བྱས་པ་རེད།

图片

   སྙན་ཞུ་ལས་ད་དུང་ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བཏོན་ཡོད་དེ། ས་གནས་ཀྱི་ཐོན་སྐྱེད་བསྡོམས་འབོར་བརྒྱ་ཆའི་བདུན་ཡན་འཕར་སྣོན་འབྱུང་བ་དང་།  སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་ཚད་བརྒྱ་ཆའི་བདུན་འཕར་སྣོན་འབྱུང་བ། སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་སིལ་འཚོང་བསྡོམས་འབོར་བརྒྱ་ཆའི་བཅུ་འཕར་སྣོན་འབྱུང་བ། ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་འཕར་སྣོན་འབྱུང་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་དང་དཔལ་འབྱོར་འཕེལ་རྒྱས་གནས་སྟངས་ཕལ་ཆེར་གཅིག་པ་ཡིན་པ། སྡོད་དམངས་ཀྱི་ཆ་སྙོམས་བེད་སྤྱོད་ཆོག་པའི་ཡོང་འབབ་བརྟན་ཐོག་ཡར་འཕེལ་འབྱུང་བ། སྡོད་དམངས་འཛད་སྤྱོད་རིན་གོང་སྟོན་གྲངས་བརྒྱ་དང་བཅུ་མེད་གསུམ་ཚེག་ལྔ་ཡས་མས་ལ་ཚོད་འཛིན་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་འབུམ་བརྒྱད་ཁྲི་ལྔ་གསར་དུ་སྣོན་པ། རྒྱལ་ཁབ་ཀྱིས་སྤྲད་པའི་ནུས་བསྲི་ཐན་ཕབ་དང་ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་ལེགས་པར་འགྲུབ་པ།   འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་བདུན་བརྒྱའི་ཡན་ལ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན། 

图片

    གྲོས་ཚོགས་ཐོག སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱད་ཁང་གི་ལས་ཀའི་སྙན་ཞུ་ལ་གསན་པ་རེད། གྲོས་ཚོགས་ཐོག ད་དུང་སི་ཁྲོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་དང་༢༠༣༥ལོའི་ཕུགས་ཡུན་དམིགས་འབེན་གྱི་གཙོ་གནད་མ་ཟིན་དང་། སི་ཁྲོན་ཞིང་ཆེན་གྱི་༢༠༢༠ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱེད་ཚུལ་དང་དེ་བཞིན་དུ་༢༠༢༡ལོའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ། སི་ཁྲོན་ཞིང་ཆེན་གྱི་༢༠༢༠ལོའི་སྔོན་རྩིས་ལག་བསྟར་བྱེད་ཚུལ་དང་༢༠༢༡ལོའི་སྔོན་རྩིས་མ་ཟིན་གྱི་སྙན་ཞུ་བཅས་འཐུས་མིས་ཞིབ་བཤེར་བྱེད་པར་ཕུལ། 

图片
图片
图片


རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།

ཞུ་ཆེན། ཞང་ཞུང་།

གཙོ་སྒྲིག་པ། ཡོན་ཏན།

ལྟ་སྐུལ་པ། འཆི་མེད་དབང་མོ།



  • 顶 0