དུང་རི་གསེར་མཚོ་མིག་གི་ལོངས་སྤྱོད་ཡིན།

2020-09-15
0

         དུང་རི་གསེར་མཚོའི་མཛེས་ལྗོངས་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་སྣེ་དང་། ཟུང་ཆུ་རྫོང་གི་ཤར་རྒྱུད་དུ་གནས་ཤིང་། ཁྲེང་ཏུའུ་བར་སྤྱི་ལེ390ཙམ་ཡོད་པ་དང་། མཛེས་ལྗོངས་ཁུལ་དེ་རྨིན་ཧྲན་དུང་རིའི་འདབས་སུ་ཡོད། མཛེས་ལྗོངས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ700ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1800ནས་སྨི5588ཡོད། གསེར་མཚོ་ལུང་བའི་མཐོ་ཚད་ལ་སྨི3100ནས་སྨི3500ཡོད། 

        གསེར་མཚོ་མཛེས་ལྗོངས་ཁུལ་གཙོ་བོ་རྫིང་བུ་དང་རྦབ་ཆུ། བྲག་ཕུག གངས་རི་སོགས་ཀྱིས་གྲུབ་ཡོད་པ་དང་།  ད་དུང་འཁྱག་རོམ་དང་བྲག་རི།  བྲག་ཞུན་སོགས་ས་གཤིས་ཀྱི་ཁྱད་ཆོས་ཐུན་མིན་ལྡན། མཚེའུ་དང་ཆུ་བོ། རྦབ་ཆུའི་རིགས་ཀྱི་མཛེས་ཉམས་རྣམ་པར་མངོན། དུང་རི་གསེར་མཚོའི་མཛེས་ལྗོངས་ཁུལ་གྱི་རྫིང་བུ་དང་གངས་རི། གྲོག་རོང་། ནགས་ཚལ་དང་མི་རིགས་ཡུལ་སྲོལ་བཅས་ནི་གསེར་མཚོའི་མཛེས་ལྗོངས་ཁུལ་གྱི་ཁྱད་ཆོས་གཙོ་བོ་ཡིན།

       གསེར་མཚོའི་མཛེས་ལྗོངས་ཁུལ་ནི་སྤྱི་ལོ1982ལོར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་མཛེས་ལྗོངས་གནས་མཆོག་ཁུལ་དུ་བདམས་པ་དང་། སྤྱི་ལོ1990ལོར་རྒྱལ་ཡོངས་ཀྱི་མཛེས་ལྗོངས་གནས་མཆོག་ས་ཁུལ་བཞི་བཅུའི་དཔྱད་བསྡུར་ཁྲོད་གཟི་རྩྭ་སྡེ་དགུའི་རང་བྱུང་མཛེས་ལྗོངས་ཁུལ་གསར་པ་དང་འགྲན་གཤིབ་བྱས་ཏེ་ཨང་དང་པོའི་ཚད་ལ་སླེབས། སྤྱི་ལོ1992ལོར་གཟི་ཚ་སྡེ་དགུ་དང་ཝུའུ་ལིན་ཡོན་གཉིས་དང་མཉམ་དུ《འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་གཞུང》ནང་བཞག་པས་རང་རྒྱལ་གྱི་འཛམ་གླིང་ཤུལ་རིག་གནས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད།





                                                                                   རྩོམ་ཁུངས།    རྔ་བའི་རྒྱང་སྒྲོག་བརྙན་འཕྲིན་ཁང་།


  • 顶 0