སྤྲེའུ་བྲག་ཕུག

2019-04-04
0

གནའ་བོའི་གྲོང་རྡལ་རྩེད་ཐང་གི་ཤར་ངོས་སུ་གནས་པའི་མགོན་པོ་རིའི་རི་སྐེད་ལྷག་ཙམ་ན་ངོ་མཚར་ཡོངས་སུ་གྲགས་པའི་སྤྲེའུ་བྲག་ཕུག་ཅེས་བྱ་བ་དེ་ཡོད་ཅིང་། དེ་ཡང་མགོན་པོ་རི་ནི་བོད་ཀྱི་གནས་རི་གྲགས་ཅན་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད4400ཡོད། རི་བོ་འདིའི་བཟོ་དབྱིབས་བརྗིད་ཆགས་ཡིད་དུ་འོང་བ་ཞིག་ཡོད་པ་སྟེ། རི་བོའི་དབུས་རྒྱལ་པོ་གདན་ལ་བཞུགས་པ་ལྟར་བརྗིད་ཆགས་པ་དང་། ཕྱོགས་བཞིར་རི་ལག་ཤར་ན་གླང་ཆེན་འདྲ་བ་དང་། ལྷོ་རུ་རྟ་མཆོག་འདྲ་བ། ནུབ་ན་རྨ་བྱ་འདྲ་བ། བྱང་དུ་སེང་གེ་འདྲ་བ་བཅས་བྱེད་པོས་ཆེད་དུ་བཟོས་པ་ལྟར་རབ་ཏུ་མཛེས་ཤིང་། གཞན་ཡང་རི་ལག་བཞི་པོ་དེས་གཙོ་བོ་བྱས་པའི་རི་ཉག108ཀྱིས་ཡོངས་སུ་བསྐོར་ཡོད།

གནའ་བོའི་གྲོང་རྡལ་རྩེད་ཐང་གི་ཤར་ངོས་སུ་གནས་པའི་མགོན་པོ་རིའི་རི་སྐེད་ལྷག་ཙམ་ན་ངོ་མཚར་ཡོངས་སུ་གྲགས་པའི་སྤྲེའུ་བྲག་ཕུག་ཅེས་བྱ་བ་དེ་ཡོད་ཅིང་། དེ་ཡང་མགོན་པོ་རི་ནི་བོད་ཀྱི་གནས་རི་གྲགས་ཅན་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4400ཡོད། རི་བོ་འདིའི་བཟོ་དབྱིབས་བརྗིད་ཆགས་ཡིད་དུ་འོང་བ་ཞིག་ཡོད་པ་སྟེ། རི་བོའི་དབུས་རྒྱལ་པོ་གདན་ལ་བཞུགས་པ་ལྟར་བརྗིད་ཆགས་པ་དང་། ཕྱོགས་བཞིར་རི་ལག་ཤར་ན་གླང་ཆེན་འདྲ་བ་དང་། ལྷོ་རུ་རྟ་མཆོག་འདྲ་བ། ནུབ་ན་རྨ་བྱ་འདྲ་བ། བྱང་དུ་སེང་གེ་འདྲ་བ་བཅས་བྱེད་པོས་ཆེད་དུ་བཟོས་པ་ལྟར་རབ་ཏུ་མཛེས་ཤིང་། གཞན་ཡང་རི་ལག་བཞི་པོ་དེས་གཙོ་བོ་བྱས་པའི་རི་ཉག108ཀྱིས་ཡོངས་སུ་བསྐོར་ཡོད། སྤྲེའུ་བྲག་ཕུག་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4090ཡི་སར་ཆགས་ཡོད་ལ། བྲག་ཕུག་གི་ཁ་བྱང་ཤར་དུ་གཏད་ཡོད་ཅིང་། མཐོ་ཚད་སྨི2.5དང་། ཞེང་ཚད་སྨི6.95གཏིང་ཚད་དམ་སྦུག་ཐག་སྨི15ཡོད།

ངོ་མཚར་ཅན་གྱི་བྲག་ཕུག་དེ་ནི་ཐོག་མར་སྤྱན་རས་གཟིགས་ཀྱིས་དགེ་བསྙེན་བྱིན་པའི་སྤྲེའུ་ཞིག་ཡོད་པ་དེས་ཁ་བ་ཅན་གྱི་ཡུལ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་སྦྱངས་སའམ་སྒོམ་ས་ཡིན་ཞིང་། ཕྱིས་གནས་དེར་སྤྲེའུ་དེ་དང་བྲག་སྲིན་མོ་ཞིག་ལས་དབང་དྲག་པོས་ལྡོག་མེད་བསྐུལ་ཏེ་མཉམ་དུ་འདུས་པས་རིགས་ཀྱི་སྤྲེའུ་ཕྲུག་དྲུག་བྱུང་བ་རིམ་གྱིས་མང་དུ་འཕེལ་བ་དང་ཐོག་མར་ཤིང་འབྲས་དང་། སྔོ་ཚལ་སོགས་བཟས་ཤིང་། དེ་ནས་མ་རྨོས་ལོ་ཏོག་དང་། སྤྱན་རས་གཟིགས་ཀྱིས་ས་ལ་ས་བོན་གཏོར་གནང་མཛད་པའི་ལོ་ཏོག་ངོ་མ་བཟས་པས་རིམ་པར་གདོང་དང་གཟུགས་ཀྱི་དབྱིབས་འགྱུར་བ་དང་། སྤུ་ཕུག་ཅིང་མཇུག་མའམ་མེད་པར་གྱུར་ནས་མི་ལ་གྱུར་པ་དེ་ནི་བོད་མིའི་མེས་པོ་ཡིན་པས། སྤྲེའུ་བྲག་ཕུག་ནི་བོད་མིའི་འགྲོ་བ་འབྱུང་གནས་ལོ་རྒྱུས་ཐོག་གི་བྲག་ཕུག་དང་པོ་དེ་ཡིན་སྟབས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་ཅིང་། མི་རྣམས་ཀྱིས་རྩ་ཆེའི་གནས་རི་ཞིག་ཏུ་བརྩིས་ནས་མཇལ་བར་འགྲོ་བ་དང་། ལོ་རྒྱུས་ཀྱི་རིན་ཐང་ཤེས་ནས་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་ཀྱི་ཡོད།

ཕྱིས་བོད་ཡོངས་སུ་བྲག་ཕུག་དེ་འདྲ་མང་དུ་འཕེལ་བའི་ནང་འགའ་ཞིག་རང་བྱུང་ལྷུན་གྱིས་གྲུབ་པ་དང་། འགའ་ཞིག་མི་ཡིས་ཆེད་དུ་བཟོས་པ་ཡིན་ཞིང་། བྲག་ཕུག་དེ་དག་ལ་བཙན་ཆ་དོད་ལ་འདུ་འཛི་བྲལ་བ། ས་གཙང་རྡོ་གཙང་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། མང་ཆེ་བ་རི་མཐོ་དབེན་ས་འབའ་ཞིག་ཏུ་ཆགས་ཡོད་པས་སྐྱེས་ཆེན་དམ་པ་མང་པོའི་སྒོམ་གནས་སུ་གྱུར་ཏེ་ཕྱིས་དད་ཅན་མཆོད་མཇལ་ཞུ་སའི་གནས་རྩ་ཆེན་ལ་འགྱུར་ཡོད་དོ།།


  • 顶 0