མི་རྒོད་མཚོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ།

2019-04-01
0

   མི་རྒོད་མཚོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་དར་མདོ་རྫོང་གི་བྱང་ཕྱོགས་སུ་ཡོད་ཅིང་། རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་ཡུལ་ལྗོངས་སྐད་གྲགས་ཅན་གྲས་ཀྱི་གཅིག་ཡིན།  རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ150ཡོད་པས། རི་མཐོའི་མཚེའུ་ཡིས་གཙོ་བོ་བྱས་པའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ཞིག་ཡིན། 

   དྲོ་འཇམ་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

    སི་ཁྲོན་ནུབ་རྒྱུད་ཀྱི་ཆེས་མཐོ་བའི་མཚེའུ་ནི་མི་རྒོད་མཚོ་ཡིན་ལ། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3.6ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3780ཡི་རི་མཐོའི་སྟེང་དུ་གནས་ཡོད། མཚོའི་ནུབ་འགྲམ་དུ་ནགས་ཚལ་ཚོམ་བུ་དང་སྟག་མའི་སྡོང་ཕྲན་ནགས་རྫོབ་ཡོད། མཚེའུའི་ཤར་ངོས་ཀྱི་རི་ལྡེབས་ནི་རི་མཐོའི་སྡོང་ཕྲན་སྤང་ལྗོངས་ཡིན་ཞིང་། དབྱར་དུས་མེ་ཏོག་སྣ་ཚོགས་ཀྱིས་མཛེས་མདངས་ངོམ་གྱིན་ཡོད། སྟོན་དུས་ནགས་ཚལ་གངས་ཀྱིས་བརྒྱན་པ་དང་། མཚོ་ངོས་སུ་རྦ་རླབས་ཆིལ་ཆིལ་དུ་འཕྱུར། དགུན་དུས་སུ་མཚོ་ལ་དར་དཀར་ཆགས་པ་དང་འཁྱགས་ཀྱི་མཐུག་ཚད་སྨི་གཅིག་ཡས་མས་ཡོད།  དེར་བརྟེན་མཛེས་ལྗོངས་དེའི་དུས་བཞིའི་ཡུལ་ལྗོངས་མི་འདྲ་ལ།  བྱེད་ནུས་ཀྱང་མི་འདྲ་བ་ཡིན་ནོ། ། 

    དབྱར་ཁ་དང་སྟོན་ཀ དཔྱིད་ཀའི་དུས་ཚིགས་གསུམ་དུ། ལྟ་སྐོར་གུང་སེང་གཏོང་བ་དང་སྐྱེ་ཁམས་ཡུལ་སྐོར་བྱེད་རྒྱུ་གཙོ་བོ་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2900ཡན་ཆད་ནི་གདོད་མའི་ནགས་ཚལ་སྔོ་ཐིང་ཐིང་ཡིན་པ་དང་།  ནགས་ཚལ་ནང་དུ་ཚོན་མདོག་སྣ་བདུན་བཀྲ་བའི་མཚེའུ་ཆགས།  རི་མཐོ་ཞིང་ཆུ་དྭངས་ལ། མཛེས་ལྗོངས་ཀྱིས་མིའི་ཡིད་དབང་འཕྲོག་གིན་ཡོད། ས་ཁུལ་དེའི་གདོད་མའི་ནགས་ཁྲོད་དུ་སྨན་བཅོས་ཀྱི་ནུས་པ་དམིགས་བསལ་ཐོན་པའི་ཆུ་ཚན་ཡོད།  དཔེར་ན་མིག་གསལ་ཆུ་ཚན་དང་། ཕོ་ཁ་གསོ་བའི་ཆུ་ཚན།  རྐང་འཁྲུད་ཆུ་མིག ཆུ་མིག་དགུའི་སྨན་ཆུ་སོགས་ཡོད་དོ། །  ཡུལ་སྐོར་བྱེད་མཁན་གྱི་ཡིད་དབང་འཕྲོག་པའི་ནུས་པ་ཆེན་པོ་ཡོད། མི་རྒོད་མཚོ་ནི་དབྱར་ཁར་ཚ་གཡོལ་བྱེད་སའི་གནས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་དང་། སྟོན་ཀར་ལོ་མ་དམར་པོར་ལྟ་སྐོར་བྱེད་པ་དང་དགུན་ཁར་ཁ་བས་གཡོགས་པའི་རི་བོར་ལྟ་སྐོར་བྱེད་སའི་གནས་མཆོག་ཞིག་ཡིན།


  • 顶 0