འོ་ཡུལ།

2018-11-30

 

   ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་སྟེ། ས་ཆའི་མིང་དང་བོད་ཀྱི་གནའ་བོའི་རྒྱལ་ཕྲན་ཞིག་གི་མིང་། དེང་སང་གི་གཞིས་ཀ་རྩེ་ས་གནས་རྣམ་གླིང་རྫོང་ཁོངས་སུ་ཡོད་པའི་འུ་ཡུག་ཅེས་པ་དེ་ཡིན་ཞིང་། སྔར་གྱི་ཆོས་འབྱུང་དེབ་ཐེར་ཁག་ཅིག་ནང་འོད་ཡུལ་ཞེས་འབྲི་སྲོལ་ཡང་སྣང་།

   དེ་ནི་ས་ཆའི་མིང་དང་བོད་ཀྱི་གནའ་བོའི་རྒྱལ་ཕྲན་ཞིག་གི་མིང་། དེང་སང་གི་གཞིས་ཀ་རྩེ་ས་གནས་རྣམ་གླིང་རྫོང་ཁོངས་སུ་ཡོད་པའི་འུ་ཡུག་ཅེས་པ་དེ་ཡིན་ཞིང་། སྔར་གྱི་ཆོས་འབྱུང་དེབ་ཐེར་ཁག་ཅིག་ནང་འོད་ཡུལ་ཞེས་འབྲི་སྲོལ་ཡང་སྣང་། 《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས་བྱུང་བའི་རྒྱལ་ཕྲན་དང་རྒྱལ་རབས་རིམ་བྱུང་གི་མིང་ཞེས་པ་ལས།“ཡུལ་འོ་ཡུལ་གྱི་སྤང་ཀར་ན། རྗེ་འོལ་རྗེའི་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས”ཞེས་བསྟན་པ་བཞིན་སྲོང་བཙན་སྒམ་པོས་བོད་ཡུལ་གཅིག་གྱུར་མ་མཛད་གོང་ལ་འོལ་རྗེའི་ཟིན་བྲང་ཚ་བྱ་བས་དབང་བསྒྱུར་བའི་གནའ་བོའི་རྒྱལ་ཕྲན་ཞིག་ཡིན། རྒྱལ་ཕྲན་དེ་ཉིད་ལོ་ག་དུས་སུ་སྤུ་རྒྱལ་བཙན་པོའི་མངའ་རིས་སུ་གྱུར་བ་མི་ཤེས་ནའང་། བོད་རྗེ་སྲོང་བཙན་སྒམ་པོས་བོད་ཡུལ་གཅིག་གྱུར་མཛད་རྗེས་ས་ཆ་དེ་ཁུལ་བོད་ཀྱི་དམག་དོན་སྐོར་བགྲོ་གླེང་བྱ་ཡུལ་གྱི་གནས་གཞི་གཙོ་གྲས་ཤིག་ཡིན་ཚུལ་ཏུན་ཧོང་ཡིག་རྙིང་ནང་གསལ་འདུག་ལ། གཡས་རུའི་ཡུལ་དཔོན་ཚན་བཅུ་དྲུག་གི་གྲས་ཤིག་ཡིན་ཚུལ་ཡང་ཕྱིས་བྱུང་ལོ་རྒྱུས་དེབ་ཐེར་ནང་འཁོད་འདུག

<