ཟུང་ཆུའི་མིང་གི་བྱུང་ཚུལ།

2017-12-06

ཟུང་ཆུའི་མིང་གི་བྱུང་ཚུལ།

  རྗེ་དམུ་དགེ་བསམ་གཏན། 

  

 ཟུང་ཆུའི་ཆུ་འགོ་ནི་ཀུན་དགའ་ལའི་ཚུར་ནང་ནས་བཞུར་བའི་ཆུ་དེ་རེད། ཀུན་དགའ་ལ་དང་དེའི་ཕྱོགས་ཀྱི་རི་རྒྱུད་ལ་རྒྱས་རྨིན་ཧྲན་ཟེར་ལ། དེ་ཕྱོགས་ནས་བཞུར་བའི་ཆུ་ལ་རྨིན་ཅང་ཟེར། ཀུན་དགའ་ལའི་ཚུར་ནང་ནས་བཞུར་བའི་ཆུ་དང་། ཀ་རིང་ལའི་ཕྱོགས་ནས་བཞུར་བའི་ཆུ་གཉིས། བར་རུ་ཞེས་པའི་ས་ཆར་གཅིག་ཏུ་འདྲེས་པས། དེ་ནས་ཆུ་དེ་ལ་ཟུང་ཆུ་ཟེར། ཕྱིས་སུ་ཆུ་རྒྱུད་དེའི་ལུང་ཁོག་ལ་ཟུང་ཆུ་ཞེས་པའི་མིང་ཐོགས།

 

  ཟུང་ཆུ་ཞེས་ཐོགས་པའི་མིང་ཐོགས་ཚུལ་སྔར་ལྟར་ཆུ་གཉིས་ཀྱི་མིང་གི་ཆ་ནས་ཐོགས་པ་ཡིན་མོད། སྒྲ་ཙམ་ལ་བརྟེན་ནས་བྲིས་པའི་ཡི་གེ་ལ། ཟུང་ཇུ་དང་། ཟུང་ཇི་སོགས་བྲིས་པ་ནི་ཟུར་ཆག་པའི་མིང་ཡིག་ཡིན་ནོ།།

ཡུལ་འདིའི་ཟས་གོས་གོམས་འདྲིས་སོགས་བོད་སྤྱི་ལྟར་ཡིན་ལ། ཐོན་སྐྱེད་ནི་རོང་འབྲོག་འདྲེས་མའི་ལུགས་ཡིན། རོང་ཟས་འབྲོག་ཟས་ཀུན་ཡོད། རྒྱ་བོད་ཀྱི་མཚམས་ན་ཡོད་གཤིས་ཚོང་ལས་ཀྱི་སྟབས་བདེ་བས་ཚོང་བ་ཡོད་ལ། སྔར་མགོ་ལོག་དང་། མཚོ་སྔོན་ཚྭ་ཁ་སོགས་སུ་ཁལ་མ་མང་བོ་དེད་ནས་འགྲོ་བའི་ཚོང་བ་སྟོབས་ལྡན་མི་ཉུང་བ་ཡོད་། ཆོས་ལུགས་བན་བོན་གཉིས་ཀ་ཡོད། ཆོས་ལ་ཤིན་ཏུ་དད་པ་བོད་སྤྱི་དང་འདྲ་ཞིང་། ཟུང་ཆུའི་ཡུལ་གྱི་ཤར་པ་འདི་དག་ཡོང་སའི་ཤར་པ་ནི་སྟོད་མངའ་རིས་ཀྱི་བོད་ཡིན་ལ། འདི་དག་ནི་བོད་ངོ་མ་ཡིན་ནོ།། 

<