རང་བྱོན་མཆོད་རྟེན།

2016-12-06

 

  རང་བྱོན་མཆོད་རྟེན་ནི་འབའ་ལྷ་དཀར་རྫོང་གི་བྱང་ཤར་ཕྱོགས་སུ་ཆགས་ཡོད། རང་བྱུང་གིས་གྲུབ་པའི་གཏོར་གཟུགས་མཆོད་རྟེན་གྱི་གཟུགས་དབྱིབས་དང་འདྲ་བའི་རི་རྩེ་ལ་ཁ་བས་ཁེབས་ཏེ། བརྗིད་ཆགས་ངང་ནམ་མཁའ་འོག་ཏུ་ཀྲོང་ངེར་ལངས་ཤིང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མཆོད་རྟེན་དང་འདྲ་བས་རང་བྱོན་མཆོད་རྟེན་ཞེས་འབོད་པ་རེད། རང་བྱོན་མཆོད་རྟེན་གྱི་མདུན་དུ་རི་བོ་ཆེན་པོ་གཉིས་ནི་སྲོང་པོར་བཞུགས་ནས་ཆོས་འདོན་བཞིན་པའི་བླ་མ་དང་ཁ་འབྱེད་པའི་ཆོས་དཔེའི་རྣམ་པ་དང་མཚུངས་ཏེ། རང་བྱོན་མཆོད་རྟེན་དང་ཆོས་དཔེ། བླ་མ་དང་འདྲ་བའི་རི་བོ་གསུམ་ལ་མི་ཚོས་དཀོན་མཆོག་གསུམ་ཞེས་འབོད་པ་རེད།  །

 

 

  

<