ཟླ་མཆོད་དུས་ཆེན་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་ཁྲི27སྣེ་ལེན་བྱས་པ།

2020-02-27
0

     ད་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྟེ་ཟླ9པའི་ཚེས13ཉིན་ནས་ཚེས15ཉིན་བར།ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་269698སྣེ་ལེན་བྱས་པ་དང་། དུས་མཚུངས་ལས་1.17%འཕར་ཡོད་པ།ཡུལ་སྐོར་སྤྱིའི་བསྡོམས་འབོར་སྒོར་དུང་ཕྱུར་1.57མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་4.67%འཕར་ཡོད་པ་རེད།ཁུལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་སྤྱིའི་ཆ་ནས་འཁོར་སྐྱོད་བརྟན་པོ་བྱུང་བ་དང་ཡུལ་སྐོར་བའི་ཞུ་གཏུག་མངོན་གསལ་དོད་པོས་མར་ཆག་པ་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད། ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ཐུང་བས་ཡུལ་སྐོར་བས་གཙོ་བོ་ཉིན་གཅིག་ཅན་གྱི་ཡུལ་སྐོར་དང་ཐག་ཉེ་ཡུལ་སྐོར་བྱེད་པ་དང་།དུས་མཚུངས་སྒེར་འཁོར་བཏང་ནས་ཡུལ་སྐོར་བའི་གྲངས་འབོར་ཡང་མུ་མཐུད་མང་དུ་ཕྱིན་ཡོད།ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཁུལ་ཡོངས་ཀྱིས་ཉིན་གཅིག་ཅན་གྱི་ཡུལ་སྐོར་བ་མི་ཐེངས་168672སྣེ་ལེན་བྱས་པ་དེ།ཡུལ་སྐོར་བ་སྤྱིའི་བསྡོམས་འབོར་གྱི་62.5%ཟིན་པ་དང་།སྒེར་གྱི་རླངས་འཁོར་ཁྱོན་བསྡོམས་ཐེངས་43016སྣེ་ལེན་བྱས་པ་རེད།ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་ལ་ཡུལ་སྐོར་བའི་དགའ་བསུ་ཚད་མེད་ཐོབ་པ་དང་།སོ་སོས་ཡུལ་སྐོར་བ་མི་ཐེངས་8826དང་མི་ཐེངས་4201སྣེ་ལེན་བྱས་ཡོད་པ་རེད།

༼པར་རིས་འདི་པའེ་ཏུའུ་དྲ་བ་ནས་བླངས།༽


  • 顶 0