གྲོ་མོ་རྫོང་།

2020-03-02
0

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་སྟེ། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4276དང་ས་ཞིང་རྒྱ་ཁྱོན་མུའུ་ཁྲི1.3 ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི24 མི་འབོར11681དང་། རྫོང་ཡོངས་སུ་ཡུལ་ཚོ5དང་། གྲོང་བརྡལ་གཉིས་གྲོང་ཚོ་ཨུ་ཡོན་ལྷ་ཁང25 རྫོང་དེའི་ས་བབ་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ3400ཙམ་གྱིས་མཐོ་བའི་རོང་མ་འབྲོག་གི་རྫོང་ཞིག་ཡིན་པ་བཅས་རེད།

གྲོ་མོ་ཞེས་པ་ནི་ཤིང་གྲོ་དགའ་སོགས་སྐྱེས་པའི་ཡུལ་དང་། རི་མགོར་སྨུག་སྤྲིན་ལང་ལོང་དུ་འཁྲིགས་པས་གྲོ་སྨུག་ཅེས་པ་ནས་རིམ་བཞིན་གྲོ་མོ་ཞེས་པར་སྒྲ་འགྱུར་ཞེས་དང་། ཡང་རྒྱ་སྐད་དུ“དབྱ་ཏུང”ཞེས་འབོད་དོན་ནི་དབྱིན་ཇི་ཐོག་མར་གཉའ་གདོང་ཞེས་པར་འབྱོར་སྐབས་ཡུལ་དེའི་མིང་དབྱིན་སྐད་དུ་བོད་སྐད་ཇི་མ་ཇི་བཞིན་མ་ཐོན་པ་དང་རྗེས་སུ་རྒྱ་སྐད་ལའང“དབྱ་ཏུང”ཞེས་དབྱིན་སྐད་ཀྱི་སྒྲ་ཟུར་ཆགས་པ་ཡིན་ཀྱང་བོད་སྐད་དུ་གྲོ་མོ་ཞེས་བརྗོད་པ་དང་། ད་ལྟའི་གྲོ་མོ་རྫོང་ནི་ཤར་གསིང་མར་ཆགས་ཡོད་པ་དང་། སྔར་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་རེད།

 སྲིད་འཛིན་མངའ་ཁོངས།

རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4276དང་ས་ཞིང་རྒྱ་ཁྱོན་མུའུ་ཁྲི1.3 ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི24 མི་འབོར11681དང་། རྫོང་ཡོངས་སུ་ཡུལ་ཚོ5དང་། གྲོང་བརྡལ་གཉིས་གྲོང་ཚོ་ཨུ་ཡོན་ལྷ་ཁང25 རྫོང་དེའི་ས་བབ་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ3400ཙམ་གྱིས་མཐོ་བའི་རོང་མ་འབྲོག་གི་རྫོང་ཞིག་ཡིན་པ་བཅས་རེད།

 དགོན་སྡེ་གྲགས་ཅན།

ཡུལ་དེར་ཡོད་པའི་དགོན་སྡེ་གཙོ་བོ། ཐོག་མར་མཁའ་འགྲོའི་སྤྲུལ་བ་དགོ་བ་མ་བུ་གཉིས་ཀྱིས་ལུང་བསྟན་ལྟར་གུ་རུས་སྦས་དགོན་དུ་ཕྱག་བཏབ་པའི་སྤྲིན་ཟམ་དགོན་དང་། སྤྱི་ལོ1915ལོར་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་དཔལ་ལྡན་བསྟན་དར་ཞུ་བས་ཕྱག་བཏབ་པའི་རི་ཆུང་པོ་ཏོ་དགོན། གྲོ་མོ་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་དང་པོ་སྐྱབས་རྗེ་ངག་དབང་སྐལ་བཟང་གིས་ཕྱག་བཏབ་གནང་མཛད་པའི་གྲོ་མོ་དུང་དཀར་དགོན། བོན་གྱི་བླ་མ་གཡུང་དྲུང་སྐྱིད་ཞུ་བས་ཕྱག་བཏབ་གནང་མཛད་པའི་གཡུང་དྲུང་ལྷ་སྡེ་དགོན་སོགས་ཡོད།

 གྲོ་མོ་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

.jpg



  • 顶 0