༄༅། །མཚོ་ལྷོའི་སྐབས་བཅུ་གསུམ་པའི་འཇང་དགུན་ཆོས་ཆེན་མོ་སྤྲེལ་རྫོང་དགོན་པར་ཚོཊ།

2016-09-28
0

སྤྱི་ཟླ་དགུ་པའི་ཚེས་བཅུ་ཉིན་གྱི་བྲག་དཀར་སྤྲེལ་རྫོང་དུ་མཇལ་བ་སྔར་བཞིན་མང་ལ།འདུ་ཁང་ཆེན་མོའི་ར་སྐོར་དུ་བོད་ཀྱི་དགོན་པ་བཞི་བཅུ་ཞེ་དགུ་ནས་ཕེབས་པའི་དགེ་བཤེས་དང་གྲྭ་བཙུན་དྲུག་བརྒྱ་ལྷག་འདུས་ཡོད་ལ། འདིས་ཉིན་བདུན་རིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐེངས་བཅུ་གསུམ་པའི་འཇང་དགུན་ཆོས་ཆེན་མོའི་དབུ་དངོས་སུ་བརྩམས་པ་མཚོན་ཡོད།

1.png

ལོ་རྒྱུས་ཀྱི་དབང་དུ་བཏང་ན། འཇང་དགུན་ཆོས་ནི་ལྷ་སའི་ལྷོ་ནུབ་རྒྱུད་ཀྱི་སྐྱིད་སྨད་ལྗང་ཕུད་དགོན་པར་ནམ་རྒྱུན་དགུན་དུས་སུ་ཚུགས་པའི་ཆོས་ར་ཆེན་པོ་ཞིག་ཡིན་པ་དང་།ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བོད་དུ་སྙན་གྲགས་ཆེན་པོ་ཡོད།

3.png

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་རྒྱུད་ནང་བསྟན་གྱི་བདག་ལས་གཞན་གཅེས་དང་། རྟེན་འབྲེལ་གྱི་ལྟ་བ། བོད་ཀྱི་དགོན་སྡེའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད། ཉིས་སྟོང་གཉིས་ནས་བཟུང་འཇང་དགུན་ཆོས་ཆེན་མོའི་དབུ་དངོས་སུ་བརྩམས་པ་དང་།ད་ལྟའི་བར་དུ་ཐེངས་བཅུ་གསུམ་ལ་བསྒྲུབས།

4.png

མཚོ་ལྷོ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འབྲུག་བྱམས་ཀྱིས་མགོ་འཛིན་བྱས་པ་དང་། ཨ་རོལ་སྐུ་ཕྲེང་བཞི་པ་བསྟན་འཛིན་དགེ་ལེགས་དཔང་བོ་དང་། ཨ་ལགས་དཀར་དམར་ཚང་། དགེ་བཤེས་བསྟན་འཛིན་རྒྱ་མཚོ་སོགས་ཀྱིས་ཆོས་རའི་དབུ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་གནངས།

5.png

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་ཚོགས་པ་ནས་བཟུང་གྲྭ་བཙུན་ཚོས་དགའ་བསུ་ཆེན་པོ་ཐོབ་པ་དང་། འདིའི་ནང་ཞུགས་མཁན་གྱི་དགོན་པ་དང་གྲྭ་པའང་ལོ་རེ་ནས་ལོ་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག

6.png

འདི་ལྟ་བུའི་བྱ་འགུལ་སྤེལ་བ་འདིས་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་བསམ་བློ་བརྗེ་རེས། དགོན་སྡེ་རིག་གནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་མི་དམན་པ་ཐོན་ངེས།

7.png 

  • 顶 0