ཀྲུང་གོ་དང་ཨ་རི་བའི་སློབ་གསོའི་ཁྱད་པར།

2016-09-28

 

༡ 、སུ་ཡི་སླད་དུ་སྦྱོང་།

  ཨ་རི་བའི་སློབ་གསོས་སློབ་མ་ཚོར་སློབ་སྦྱོང་ནི་རང་ཉིད་ཀྱི་དོན་དག་ཡིན་པ་ར་སྤྲད།སློབ་མ་རང་ཉིད་བསམ་བློའི་ནུས་པ་གསོ་སྐྱོང་དགོས་པ་དང་ཤེས་བྱ་གསོག་འཇོག་བྱ་ཕྱིར་ཡིན།ཅི་ཞིག་སྦྱང་འདོད་ན་ཕལ་ཆེར་སློབ་མ་རང་གི་དགའ་ཁ་འཁྱེར་ཕྱོགས་ལྟར་སྤྲོ་སྣང་ཕྱུག་ནས་འབད་པར་བྱེད།ཀྲུང་གོ་བའི་སློབ་གསོས་སློབ་བུ་ཚོར་ཚད་གཞིའི་དྲ་བའི་ནང་བཅུག་ནས་ཡོད། ཅི་ཞིག་སྦྱོང་དགོས་པ།ཇི་ཙམ་སྦྱོང་དགོས་པ། ནམ་དུས་སྦྱོང་དགོས་པ། ཇི་ལྟར་སྦྱོང་དགོས་པ་སོགས་སྦྱང་བྱ་གཙུག་ཏུ་བཀུར་ནས་གཞན་དག་ལ་བསྙབ་མགོ་མི་བརྩམས།"སློབ་སྦྱོང་ནི་ཁྱིམ་བདག དགེ་རྒན་ནི་དོན་དག"ཟེར་རྒྱུན་དེ་ཁོང་ཚོའི་ཁྲོད་བྲིན་ཆེ།ལས་ཀ་དང་ཟླ་ཕོགས་སླད་དུ་སྦྱང་བརྩོན་འབད་འབུངས་བྱེད་ཀྱི་ཡོད།

༢ 、སློབ་གསོའི་དམིགས་ཡུལ། 

  ཨ་རི་བ་ཚོས"རྨང་གཞིའི་ཤེས་བྱ"དེ་ཙམ་གྱི་གཙོར་མི་འཛིན།གཙོ་བོར་སློབ་མའི"གསར་གཏོད་སྙིང་སྟོབས"སྐྱེད་སྲིང་བྱས། དེའི་རྐྱེན་མགོ་འཛིན་པའི་ཁྲོད་དུ་ཡང་སློབ་ཆུང་རྩིས་རིག་ལ་མགོ་གཟེར་གཟེད་དགོས་པའི་གཏམ་རྒྱུས་ཐོན།ཁོང་ཚོས་ལོ་ན་ཕྲ་པོ་ནས་མགོ་བརྩམས་ཏེ་"གསར་གཏོད་སྙིང་སྟོབས"ལ་ནུས་པ་ཡོད་ཚད་བཅངས་ཡོད།ཀྲུང་གོ་བས་རྨང་གཞི་གཙོ་བོར་འཛིན་ལ"གསར་གཏོད་སྙིང་སྟོབས"དང"བསམ་བློའི་ནུས་ཤུགས"ཐད་ལ་དེ་ཙམ་གྱི་གཙིགས་སུ་འཛིན་གྱི་མེད།དེའི་རྐྱེན། ཨ་རིའི་སློབ་མ་དམའ་བ་ནས་མཐོ་བར་འཛེགས་པ་དང་ཀྲུང་གོ་བས་མཐོ་བ་ནས་དམའ་སར་འབབ་པའི་ལམ་ཁ་བདམས་ཟིན་སྟབས།འཇམ་གླིང་ན་མིང་དུ་གྲགས་པའི་ཆེད་ལས་ལྔ་བརྒྱ་ལྷག་གི་སྤྱིའི་ཆ་ནས་ཀྲུང་གོ་བའི་སློབ་མ་ལས་བསྡུ་བྱས་པའི་མོས་པ་མེད་པ་རེད།ཁོ་ཚོའི་མིག་ནང་ཀྲུང་གོ་བ་ཚོས"ཡོན་ཏན་པའི་བྲན་གཡོག་ལས་མིའི་སློབ་གསོ་གཏོང་གི་ཡོད་པ"ཡིད་ཆེས་མེད།

༣ 、སློབ་ཚན་འཚོགས་སྐབས། 

  ཀྲུང་གོའི་སློབ་གསོས་སློབ་མ་ཚོར་ཕྱོགས་བསྡོམས་བྱས་པའི་གོམས་ལོབས་སུ་ཆགས་ཡོད།སློབ་མ་ཚོ་ལ་དོགས་འདྲི་དང་ལྡོག་འདྲི་གང་ཡང་མེད་པ་ཞིག་བསླབ་ན་འགྲིག་ཤག་ཤག་ཅིག་ཡིན་པར་རློམ་ལ་ཨ་རི་བ་ཚོས་སློབ་མ་ཚོར་དོགས་སློང་གི་སྨྲ་སྒོ་ཕྱེ་བཏུབ་ཐབས་སུ་ངོས་བཟུང་།ཀྲུང་གོ་བའི་སློབ་མས་ཕྱག་བཀྱགས་ནས་གཏམ་གླེང་དགོས་པ་དང་ཨ་རི་བ་ཚོས་རང་མོས་རང་དབང་ངང་གཏམ་བརྗོད་ཀྱི་ཡོད།ཀྲུང་གོ་བའི་སློབ་ཚན་སྐབས་སློབ་མས་དགེ་རྒན་གྱི་ལྟ་ཚུལ་དང་མི་མཐུན་པ་སོགས་ལྡོག་འདྲི་བགྱིས་ན་ཕྱིར་རྡུང་རྡེག་དང་སྨྲ་འབེབ་བྱེད།ཨ་རི་བས་དེ་ལས་ཟློག་སྟེ་བསྟོད་བསྔགས་བྱ་ངེས། ཀྲུང་གོ་བའི་སློབ་ཚན་སྐབས་སྒྲིག་ལམ་གཙོར་བཟུང་བ་དང་ཨ་རི་བས་སློབ་ཚན་སྐབས་མིའི་ཐོབ་ཐང་གཙོར་འཛིན་གྱི་ཡོད།

༤ 、དགེ་སློབ་གྱི་འབྲེལ་བ། 

  ཀྲུང་གོ་བའི་ཚེ་གང་དགེ་རྒན་གཙུག་བཀུར་ལྟ་བ་དང་སློབ་མ་ཚོར་སློབ་གྲྭ་འགྲིམ་པ་ནས་བཟུང་དགེ་རྒན་ནི་སྐྱོན་མེད་ཡོན་ཏན་ལྡན་པའི་མཐོན་པོ་མཐོན་པོ་ཞིག་ལ་ངོས་འཛིན།རེད་དེ། ཨ་རི་བས་དགེ་རྒན་ལ་མཐོན་པོ་དང་གོ་ས་ཟེར་བའི་ལྟ་སྟངས་མེད། ཁོང་ཚོས་མ་གཞི་ནས་མཐོ་དམའ་དང་རྒོད་མིན་ཟེར་བ་མི་དབྱེ་བའི་ཁག་ཐེག་ཡོད།ཀྲུང་གོ་བའི་སློབ་མས་དགེ་རྒན་ལ་གུས་རྐྱང་དང་ནོར་འཛོལ་མེད་པའི་མི་ཞིག་ལ་ངོས་བཟུང་། ཀྲུང་གོ་བའི་དགེ་རྒན་ཚོས་རྟག་པར་སྒྲིག་ལམ་གཙོ་བོར་འཛིན་པ།དགོད་བྲོ་བའི་གཏམ་མི་གླེང་བ་སོགས་སློབ་མ་ཚོར་མནོན་ཤུགས་འཇིགས་སྐྲག་ངང་གནས་པར་བྱས། ཨ་རི་བའི་དགེ་རྒན་དག་གིས་སློབ་བུ་ཚོ་དང་ཁ་བརྡ་གློད་པར་དགའ་ལ་ཐོག་མར་དགེ་སློབ་བར་གྱི་འབྲེལ་བ་ཟབ་མོ་ཞིག་ཚུགས་བཏུབ་པར་འབད།

༥ 、ཡིག་རྒྱུགས་སྒྲིག་སྲོལ། 

  ཨ་རི་བ་ཚོར་ཡིག་རྒྱུགས་སྐབས་དཔེ་དེབ་ཁ་ཕྱེས་ནས་འབྲི་བ་དང་གཟའ་འཁོར་གཅིག་ནང་ཡར་དགེ་རྒན་ལ་བསྡུ་བཅོལ་བྱས་ན་འགྲིག ཡིན་ནའང་ཀྲུང་གོ་བས་ཡིག་རྒྱུགས་ནི་གཡུལ་འཁྲུག་དྲགས་པོ་ཞིག་ལ་ངོས་བཟུང་ནས་མི་གཅིག་སྒྲོག་གཅིགརྒྱུགས་བརྟག་པ་གཙོ་ཕལ་གཉིས་དང་ད་དུང་གམ་ནས་གཅིག་གཉིས་རེ་ལངས་ནས་ཛ་དྲགས་ཆེན་པོ་ཡོད།ཀྲུང་གོ་བའི་ཡིག་རྒྱུགས་ནི་གཙོ་བོར་དམའ་བ་རྣམས་ཕྱིར་ཕུད་གཏོང་རྒྱུ་དམིགས་པ་ཡིན། ཨ་རི་བས་གཙོ་བོ་རང་ཉིད་ཀྱི་མ་འདངས་པའི་ཆ་དང་མ་འགྲིག་པའི་ཆ་འཚོལ་སླད་དང་།རྗེས་ཕྱོགས་ནས་ཇི་ལྟར་འབད་འབུངས་དང་གང་ཐད་ནས་ཤུགས་རྒྱག་པ་སོགས་འཕེལ་རྒྱས་གཏོང་ཐབས་ཡིན།

༦ 、འཛིན་གྲྭའི་མི་གྲངས། 

  ཀྲུང་གོ་ལ་མ་གཞི་འཛིན་གྲྭ་གཅིག་ནང་མི་གྲངས༤༥ལས་འགལ་མི་ཆོག་ཟེར་ཡང་།ཡིན་ཡང་ཤང་དང་གྲོང་གསེབ་ཁག་ཏུ་འཛིན་གྲྭ་གཅིག་ནང་མི་གྲངས༦༠ལས་འགལ་ཡོད་ཀྱང་སྐབས་དེར་ཁྲིམས་ནི་རིག་རྒྱུ་མཐོང་རྒྱུ་མེད་པར་བསྐྱུར་འགྲོ།ཨ་རི་བ་ཚོར་འཛིན་གྲྭ་གཅིག་ནང་མི་གྲངས༣༠ལས་འགལ་མི་ཆོག་ལ་མི་གཅིག་འགལ་རུང་ཁྲིམས་དང་འགལ་བ་ཡིན་སྟབས་ཐད་ཀར་གཏུག་ངེས།འོན་ཏེ་མི་མཚུངས་པའི་གནས་གཙོ་བོར་ཨ་རི་བས་དྲང་བདེན་གཙིགས་སུ་འཛིན་གྱི་ཡོད།

༧ 、དུས་ཚོད། 

  ལོ་འཁོར་གཅིག་ནང་ཀྲུང་གོ་བ་ཚོར་ཟླ་བ་བརྒྱད་ལྷག་སློབ་ཚན་འཚོགས་དགོས་ཀྱི་ཡོད།ཉིན་རེར་ཆུ་ཚོད༡༡ཡན་མན་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་པའི་དུས་ཡིན། ཨ་རི་བ་ཚོར་ལོ་འཁོར་གཅིག་ནང་ཆུ་ཚོད༡༠༠༠ཡན་མན་ལས་འཚོགས་མི་དགོས། དེ་ལས་ཧེ་བག་མི་དམན་པ་འདུག

༨ 、རྒྱུགས་འབྲས་ཤོག་བྱང་། 

  ཨ་རི་བ་ཚོས་རྒྱུགས་འབྲས"གསང་བ"ལ་བརྩི་ཡི་ཡོད་ལ་དགེ་རྒན་གྱིས་ཁྱིམ་བདག་ལ་རང་རང་གི་བུ་ཕྲུག་གི་རྒྱུགས་འབྲས་ལྟ་རུ་བཅུགམ་གཏོགས་ཡོངས་ཀྱི་རྒྱུགས་འབྲས་མཐོ་དམའ་མང་པོ་ཕྱེས་ནས་སློབ་མའི་རང་རྩིས་ལ་གནོད་པའི་བྱ་སྤྱོད་དེ་འདྲ་ཁྱོན་ནས་མི་བྱེད།ཀྲུང་གོ་བས་མཐོ་རིམ་ལས་བྱེད་པ་ཁག་གཙོས་པའི་རྒྱུགས་འབྲས་སྒྲོག་པར་སྒུག་ཅིང་དགེ་རྒན་ཚོས་ལས་ཀའི་འཇོན་ནུས་ཀྱང་སློབ་མའི་རྒྱུགས་འཕྲོད་མིན་དང་སྔོན་ཐོན་ཚད་ལ་གཞལ་གྱི་ཡོད།རྒྱུགས་སྐར་མཐོ་དམན་དེ་ཁོང་ཚོས་སྤྱི་པའི་སློབ་གསོའི་ཁ་ཕྱོགས་ཡིན། ཁོང་ཚོས་སློབ་མ་རྣམས་ལོ་ན་མང་པོ་འདི་ལྟ་བུའི་ཁོར་ཡུག་ནང་བཅུན་སྟབས་མནོན་ཤུགས་མི་ཐེབས་པ་ག་ལ་སྲིད།

༩ 、གཙོ་གནད་མ་དཔེ། 

  ཨ་རི་བས་གཙོ་གནད་མ་དཔེར་དམིགས་བསལ་གྱི་སློབ་མ་ལ་རེ་བ་གང་ཡང་འདོན་གྱི་མེད།ད་དུང་གཙོ་བོ་རྩིས་རིག་ལྟ་བུ་རྒན་པ་ཁ་ཤས་ཀྱང་རྩིས་འཕྲུལ་བཀོལ་བ་ལས་ཐབས་གཞན་མེད་པའི་གཏམ་ཡང་ཡོད་མོས།དེ་ནི་ཁོ་ཚོས་གསར་གཏོད་སྙིང་སྟོབས་དང་ལག་པའི་འགུལ་ནུས་གཙོ་བོར་བཟུང་བས་ཡིན་ལས་ཆེ། ཀྲུང་གོ་བའི་གཙོ་གནད་མ་དཔེར་དེ་གཙོ་བོ་རྨང་གཞིའི་སྟེང་ན་འཇོགདེར་བརྟེན་གསར་གཏོད་ལས་ལ་ལག་འགུལ་མི་ཤེས་པ་དང་ཤེས་ཀྱང་མཐོ་དམན་མང་པོ་བཀར་བ་སོགས་ཡོད།

༡༠ 、སློབ་ཕྱིའི་འཚོ་བ། 

  ཀྲུང་གོ་བའི་སློབ་མ་ཚོར་དེ་ཙམ་གྱི་སྤྱི་ཚོགས་བྱེད་སྒོའི་ནང་ཞུགས་མི་བཅུགརེད་དེ། ཨ་རི་བས་སློབ་མ་སྒོ་ཐོན་པ་ནས་སྤྱི་ཚོགས་ཐོག་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཆོག་ཆོག་ཡིན།ཁོ་ཚོ་སློབ་ཕྱིའི་བྱེད་སྒོའི་ནང་རང་འགུལ་ངང་ཞུགས་འདོད་མིན་ཡིན། དངུལ་གསོག་པའི་བྱེད་སྒོ་དང་ཡང་ན་སླ་མེད་ནང་ཞུགས་པའང་ཡོད།ཨ་རི་བའི་སློབ་མ་ཚོ་སྤྱི་ཚོགས་བྱེད་སྒོའི་ནང་མང་ཙམ་ཞུགས་པ་དང་སྤྱི་ཚོགས་ནི་སློབ་གསོའི་ཐོན་ཁུངས་གཙོ་བོ་དེར་འཛིན་གྱི་ཡོད།ཀྲུང་གོ་བས་སློབ་ཆེན་སྐབས་ཅུང་ཙམ་ཞུགས་པ་ལས་སྤྱི་ཚོགས་དང་ཁ་གྱེས་ནས་འགྲོ་གི་ཡོད། དེར་བརྟེན་ཁོ་ཚོ་གཞུག་ཏུ་དངོས་སུ་སྤྱི་ཚོགས་ཐོག་ཐོན་སྐབས་ནུས་པ་མེད་པ་ཤ་སྟག་ཡིན།

<