ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན།

2016-09-28
0
ད་ལྟའི་སྤྱི་ཚོགས་ཀྱི་མཐོང་ཐོས་མྱོང་གསུམ་ལས་ཀུན་སྤྱོད་སློབ་གསོ་ཞན་པས། གཞི་འདིར་དམིགས་ནས་ནས་ཀུན་སྤྱོད་སློབ་གསོ་འདིའི་གལ་ཆེའི་རང་བཞིན་རྩྭ་མགོར་བླངས་པའི་ཆུ་ཐིགས་ཙམ་ཡིན་ནའང་བརྗོད་དགོས་པའི་དུས་སྐབས་ཤིག་ལ་སླེབས་ཡོད་པས་རང་རང་གིས་ཤེས་ཚོད་རེ་བརྗོད་པ་ལགས། 

       1༽ཀུན་སྤྱོད་ཞེས་པ་གང་ལ་ཐུགས་ཡོད་པ། 

        གཙོ་བོ་ཕྱི་ལུས་ཀྱི་སྤྱོད་པ་དང་ནང་སེམས་ཀྱི་ཀུན་སློང་གཉིས་གཙོ་བོ་ཡིན།  དེ་ལས་ཀྱང་ནང་སེམས་བློའི་ཀུན་སྤྱོད་ནི་ཆེས་གཙོ་པ་ཡིན་འདུག  མཁས་པའི་ཞལ་ནས་"ཐམས་ཅད་སེམས་པ་དག་ལ་རགས་ལས་པས།། སེམས་པ་དྲང་པོར་བཤད་པར་བྱིན་རྗེས་རློམ།།"ཞེས་གསུངས་པ་བཞིན་སེམས་བློ་སྟེ་མི་གཤིས་ཀུན་སྤྱོད་གཙོ་ཆེ་པ་བཤད་ཡོད་པ་ལགས། ལྷག་པར་དུ་དགེ་རྒན་ཞིག་གི་མི་གཤིས་ནི་སློབ་གསོ་ཁྲོད་ཀྱི་ཡོད་ཚད་དེ་ཡིན་པ། མི་གཤིས་ཀྱིས་ཐད་ཀར་མི་གཤིས་འཕེལ་རྒྱས་ཀྱི་ངོ་བོ་གཏད་འཁེལ་དང་ཁག་ཐེག་བྱེད་ཀྱིན་ཡོད་པས་སོ། ཡང་རྒྱའི་སྐད་ཆ་ཞིག་ཏུ་"དགེ་རྒན་ནི་མིའི་རྣམ་ཤེས་བཟོ་བསྐྲུན་མཁན་ཡིན་"ཞེས་གདེངས་འཇོག་ཚད་མཐོ་གནང་ཡོད་པས། འདི་གཞིག་གི་དགེ་རྒན་རྣམ་གྱི་བསམ་བློ་ནན་མོ་གཏོང་དགོས་པ་རེད། བོད་པ་ཞིག་ལ་ཆ་མཚོན་ནས་བཤད་ན་ལས་རྒྱུ་འབྲས་དང་ཚེ་འདི་ཕྱི། དགེ་བ་བཅས་ཁས་ལན་པས། ཀུན་སློང་གཙང་མ་དང་སེམས་པ་རྣམ་དག་གིས་སློབ་གསོ་སྤེལ་བ་དང་སློབ་མ་བསྐྱངས་པའི་ཡན་གྱི་དགེ་པ་མི་དགོས་སྙམ། སློབ་གསོ་ཡག་པོ་བསྐྱངས་ན་དེ་ནི་རླབས་ཆེན་གྱི་ལས་ཀ་ཞིག་དང་ངོ་མཚར་གྱི་གཟི་བརྗིད་ཅིག་ཏུ་བསྒྲེངས་ཆོག་ཆོག་ཡིན་པ་སྙོམ་དུ་མེད་དོ། 

        2༽མི་གཤིས་ཀུན་སྤྱོད་གསོ་སྐྱོང་བྱེད་པར་ལྷག་བསམ་ལྡན་དགོས་པ། 

       འཇིག་རྟེན་འདིར་འཚོ་ཞིང་གནས་པའི་མི་ཡོད་ཚད་ཀྱི་བསམ་བློའི་འཛིན་སྟངས་དང་བསམ་པའི་འཆར་སྒོ་སྣ་ཚོགས་ཡོད་པ་སྨྲས་མ་དགོས་ལ། དེ་ལས་བསམ་བློ་སྣ་ཚོགས་ལས་བྱ་བྱེད་འགྲོ་འདུག་འང་མི་འདྲ་བ་རེ་ཡོད། ཡིན་ནའང་མི་ནི་སྨྲ་ཤེས་དོན་གོ་ལ ། བསམ་གཞིགས་ཀྱི་ནུས་པ་ལྡན་པའི་ཐུན་མིན་གྱི་ཁྱད་ཆོས་ཡོད་པའང་སྙོམ་དུ་མེད། དེ་ཕྱིར་ཚང་མས་ཡ་རབས་ཀྱི་ལས་ཀར་གཞོལ་ནས་འཇིག་རྟེན་འདི་སྐྱེས་པ་དོན་དང་ལྡན་ལ། གཞན་ལ་སྲིད་ཞུ་སྒྲུབ་དང་། རང་ཉིད་ཀྱི་འཚོ་པར་བདེ་སྐྱིད་ལྡན་པ་དང་ཕམ་ཁ་མེད་པ་ཞིག་བྱེད་དགོས།  རང་ཉིད་ཀྱི་བདེ་སྐྱིད་ཁོ་ནར་མདངས་རྒྱབ་ཏེ་གཞན་གྱི་འཚོ་བར་གནོད་འཚེས་བཏང་ན་དེ་ནི་ལྷག་བསམ་གྱི་བསམ་བློ་མི་ལྡན་ལ་མ་ཟད་མ་རབས་ཀྱི་བྱ་སྤྱོད་ཅིག་རེད་ལ། མི་ནི་མ་གཞི་ནས་སེམས་ལ་བརྩེ་པ་ལྡན་པའི་༼人之常情༽རླབས་ཆེན་གྱི་སྲོག་ཆགས་ཅིག་ཏུ་བརྩི་བའང་མེད་པར་བཟོས་པ་ལགས།  ལྷག་པར་དུ་དགེ་རྒན་ཞིག་ལ་ཆ་མཚོན་ནས་བཤད་ན་མི་གསོ་སྐྱོང་བྱེད་མཁན་ཞིག་ཡིན་པས། སློབ་ཁྲིད་སོགས་ཀྱི་སྐབས་སུ་ལྷག་བསམ་ལྡན་ན་སློབ་མས་སློབ་ཁྲིད་ཀྱི་ནང་དོན་བདེ་ལགས་ངང་འགྲུབ་པ་མ་ཟད་། སློབ་མ་རང་ཉིད་རིག་སྟོབས་རྒྱས་པ་དང་སྙིང་སྟོབས་སོགས་འཕེལ་པའི་ཆ་རྐྱེན་གལ་ཆེན་ཞིག་རེད་ལགས།  དེ་ཕྱིར་དགེ་རྒན་དང་འཚོ་བའི་ཁྲོད་ཀྱི་མི་སུ་དང་སུ་ཡིན་ན་གཞན་ལ་ཁ་བརྡ་དང་སློབ་གསོ་གཏོང་པ་དང་ལྷག་བསམ་མི་དམན་པ་ཞིག་དགོས་པའོ། 

        3༽མི་གཤིས་ཀུན་སྤྱོད་སློབ་གསོ་གཏོང་བར་རང་ལའང་སྐད་ཆའི་སྒྱུ་རྩལ་དང་རང་ཉིད་ལ་འཇོན་ཐང་གི་ནུས་པ་ལྡན་དགོས། 

       མང་ཚོགས་ཤིག་ལ་དཔེ་ཀློག་སོགས་ཀྱི་ནུས་པ་མེད་ནའང་གནའ་མིའི་གཏམ་དཔེ་དང་བསླབ་བྱ། སློབ་གསོ་ལ་ནུས་པ་ཐོན་པའི་སྐད་ཆ་དེ་དག་སྒྱུ་རྩལ་གྱི་ལམ་ནས་ཕ་རོལ་བོའི་ཡིད་སེམས་འགུག་པའི་ནུས་པ་ལྡན་པར་ཐབས་རྒྱ་ཇུས་སྟོང་བྱེད་དགོས། ལྷག་པར་དུ་ཤེས་ཡོན་ཅན་དང་དགེ་རྒན་རྣམས་ཀྱི་ཐད་ཀར་སློབ་གསོའི་ནང་དོན་ལྡན་པའི་འབྲེལ་ཡོད་ཀྱི་དཔེ་ཆར་ལྟོས་ན་རང་ཉིད་སློབ་གསོ་སྤེལ་པ་ཆ་རྐྱེན་སྐྲུན་པ་དང་རང་ཉིན་ལའང་རིག་གནས་ཆུ་ཚད་འཕེལ་བ་དང་། སློབ་གསོ་སྒྲུབ་པའི་ནུས་པ་དང་བསམ་བློའི་བྱང་ཚད་འཕེལ་པ་མ་ཟད། ཐད་ཀར་སློབ་མར་སློབ་གསོ་གཏོང་པའི་འདུན་པ་ཇེ་ཆེར་འགྲོ་ངེས་ལགས། 

        མདོར་ན། མི་གཤིས་ཀུན་སྤྱོད་ནི་དུས་རབས་གསར་བར་མཁོ་བའི་རྣོ་མངར་གྱི་རལ་གྲི་ཡིན་ལ། དུས་རབས་གསར་པའི་སྙིང་ནད་འཇོམ་བྱེད་ཀྱི་བཙན་པོའི་མེ་སྒྱོག་ཡིན།  ཚང་མས་རང་རང་གི་ཀུན་སྤྱོད་ལ་བདག་བྱས་ན་གནད་དོན་ཐམས་ཅད་བསལ་བར་འགྲོ། དགེ་རྒན་གྱིས་སློབ་གྲྭ་ནས་ཀུན་སྤྱོད་ཡག་པོས་མི་རབས་གསར་བ་སྐྱོང་། ཕ་མས་རང་གི་བུ་ཕྲུག་གི་དོན་དུ་དགེ་རྒན་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་ནས་བུ་ཕྲུག་ལ་སློབ་སྦྱོང་བྱེད་པར་དགའ་བའི་ཁ་བརྡ་སློབ་གསོ་ཐོངས། ཐམས་ཅད་ཀྱིས་མི་གཤིས་ཀུན་སྤྱོད་ལ་དོན་སྣང་རྒྱུ་གལ་འགེངས་ཤིན་ཏུ་ཆེའོ། 

  • 顶 0