2018ལོར་བོད་ལྗོངས་སུ་སློབ་གསོའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་33.92བཏང་བ་རེད།

2019-04-19
0

     སློབ་མའི་རོགས་དངུལ་ནི་ཀྲུང་དབྱང་གིས་ཐུགས་ཁུར་བྱེད་པ་དང་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པ། མང་ཚོགས་ཀྱིས་སེམས་འཁྲལ་བྱེད་པ་བཅས་དམངས་འཚོ་འགན་ལེན་དང་དམངས་སེམས་དྲོ་བའི་ལས་གཞི་ཆེན་པོ་ཞིག་ཡིན། དུས་ནམ་ཡིན་ནའང་ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་ལྗོངས་ཀྱིས་དཔལ་འབྱོར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་པའི་མ་ལག་རྩ་བའི་ཆ་ནས་འཐུས་ཚང་དུ་བཙུགས་ཤིང་། “སློབ་མ་གཅིག་ཀྱང་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པར་རྐྱེན་བྱས་ནས་སློབ་ཤོར་མི་འབྱུང་བའི”དམིགས་འབེན་མངོན་འགྱུར་བྱུང་ཡོད། 

       འདས་པའི་ལོ་གཅིག་གི་ནང་། རང་ལྗོངས་ཀྱི་རོགས་སྐྱོར་དོ་དམ་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བསམ་བློར་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་བཙུགས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཞུ་ཡིག་གི་དགོངས་དོན་བཅས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ཤིང་། གནད་འཁེལ་རོགས་སྐྱོར་དང་རོགས་སྐྱོར་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རོགས་དངུལ་སྲིད་ཇུས་སོ་སོ་དོན་ཐོག་ལ་མཐའ་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་རོགས་སྐྱོར་གྱི་ལས་དོན་ལ་གྲུབ་འབྲས་དང་ཕན་ནུས་གསར་པ་བྱུང་བ་རེད།  

         བསྡོམས་རྩིས་བྱས་པ་ལྟར་ན། 2018ལོར་ལྗོངས་ཡོངས་སུ་ཁྱོན་བསྡོམས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་33.92བཏང་བ་དོན་འཁྱོལ་ཡོང་བར་བྱས་ཏེ་ཕན་ཐོགས་པའི་དགེ་སློབ་མི་གྲངས་ཁྲི་173.44ལ་སླེབས།

གཅིག   སློབ་སྔོན་སློབ་གསོའི་སློབ་མའི་རོགས་སྐྱོར།

         སློབ་སྔོན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་5.07དོན་འཁྱོལ་ཡོང་བར་བྱས་ཏེ་རོགས་སྐྱོར་ཐོབ་པའི་སློབ་མའི་མི་གྲངས་ཁྲི19.54ལ་སླེབས་པ་དང་། དེའི་ནང་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་གི་ཁ་གསབ་རོགས་དངུལ་དང་གྲོང་བརྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་སློབ་ཞུགས་རོགས་དངུལ་སྒོར་དུང་ཕྱུར2.75བཏང་སྟེ་ཕན་ཐོགས་པའི་སློབ་མ་གྲངས་ཀ་ཁྲི་8.94ཟིན། ཞིང་འབྲོག་ས་ཁུལ་དང་གྲོང་རྡལ་གྱི་སློབ་སྔོན་སློབ་ཞུགས་ཀྱི་རིན་མེད་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་2.32བཏང་བས་སློབ་མ་ཁྲི་10.6ལ་ཕན་ཐོགས་པ་རེད།

གཉིས། འོས་འགན་སློབ་གསོའི་སློབ་མའི་རོགས་སྐྱོར། 

         འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་19.09དོན་འཁྱོལ་ཡོང་བར་བྱས་ཏེ། རོགས་དངུལ་ཐོབ་པའི་སློབ་མའི་ཁ་གྲངས་ཁྲི་11.3ལ་སླེབས་པ་དང་། དེའི་ནང་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་གི་“འགན་ལེན་གསུམ་”དང་དེ་བཞིན་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་སློབ་ཞུགས་རོགས་དངུལ་སྒོར་དུང་ཕྱུར་14.55བཏང་བ་དང་། དེ་ལས་ཕན་ཐོགས་པའི་སློབ་མ་ཁྲི་40.61ཟིན་ཅིང་། རིན་མེད་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་1.29བཏང་བས་ཕན་ཁེ་ཐོབ་པའི་སློབ་མ་ཁྲི་43.97ལ་སླེབས། ཞིང་འབྲོག་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་ཀྱི་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར་3.25བཏང་བ་དང་། (རྒྱལ་ཁབ་ཀྱི་ཚོད་ལྟའི་མ་དངུལ་སྒོར་དུང་ཕྱུར་1.63དང་ས་གནས་ཀྱི་ཚོད་ལྟའི་མ་དངུལ་སྒོར་དུང་ཕྱུར་1.62འདུས)སློབ་མ་ཁྲི་40.62ལ་ཕན་ཐོགས་པ་རེད།

གསུམ། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོའི་སློབ་མའི་རོགས་སྐྱོར། 

            མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོའི་སློབ་མར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.97དོན་འཁྱོལ་ཡོང་བར་བྱས་ཏེ། རོགས་དངུལ་ཐོབ་པའི་སློབ་མའི་ཁ་གྲངས་ཁྲི་11.13ལ་སླེབས་པ་དང་། དེའི་ནང་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་གི་“འགན་ལེན་གསུམ་”དང་དེ་བཞིན་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་སློབ་ཞུགས་རོགས་དངུལ་སྒོར་དུང་ཕྱུར་2.13བཏང་བ་དང་། དེ་ལས་ཕན་ཐོགས་པའི་སློབ་མ་ཁྲི་5.27ཟིན་ཅིང་། རིན་མེད་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་0.84བཏང་བས། སློབ་མ་ཁྲི་5.86ལ་ཕན་ཐོགས་པ་རེད། 

བཞི། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མའི་རོགས་སྐྱོར། 

         འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.39དོན་འཁྱོལ་ཡོང་བར་བྱས་ཏེ། རོགས་དངུལ་ཐོབ་པའི་སློབ་མའི་གྲངས་ཀ་ཁྲི་3.81ལ་སླེབས་པ་དང་། དེའི་ནང་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་གི་“འགན་ལེན་གསུམ་”དང་དེ་བཞིན་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་སློབ་ཞུགས་རོགས་དངུལ་སྒོར་དུང་ཕྱུར་0.76བཏང་བ་དང་། དེ་ལས་ཕན་ཁེ་ཐོབ་པའི་སློབ་མ་ཁྲི་1.89ཟིན་ཅིང་། རིན་མེད་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་0.63བཏང་བས། སློབ་མ་ཁྲི་1.92ལ་ཕན་ཐོགས་པ་རེད།

ལྔ། དངོས་གཞི་དང་ཆེད་ཚན་སློབ་གསོའི་སློབ་མའི་རོགས་སྐྱོར། 

         དངོས་གཞི་དང་ཆེད་ཚན་སློབ་གསོའི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.59དོན་འཁྱོལ་ཡོང་བར་བྱས་ཏེ། རོགས་དངུལ་ཐོབ་པའི་སློབ་མའི་གྲངས་ཀ་ཁྲི་5.01ལ་སླེབས་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་དངུལ།  རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་བཅས་སྒོར་དུང་ཕྱུར་0.23བཏང་བ་དང་། བྱ་དགའི་རོགས་དངུལ་སྒོར་དུང་ཕྱུར་1.27ཟིན་པ་རེད། དགེ་འོས་སམ་ཞིང་འབྲོག་ནགས་ཆུ་ས་གཏེར་བཅས་འབྲེལ་ཡོད་ཆེད་ལས་ཀྱི་སློབ་མར་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་སྲིད་ཇུས་མ་དངུལ་སྒོར་དུང་ཕྱུར་1.88བཏང་བ་དང་།  དེ་ལས་ཕན་ཁེ་ཐོབ་པའི་སློབ་མ་ཁྲི་2.75ལ་སླེབས་པ་རེད། དམག་སྐུལ་དང་ལེན་ཞུས་ནས་འོས་འགན་དམག་མིར་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཚབ་འཇལ་སྲིད་ཇུས་ལ་མ་དངུལ་སྒོར་དུང་ཕྱུར་0.007བཏང་སྟེ་སློབ་ཡོན་ཁ་གསབ་ཏུ་སྤྲད། སྒོར་སྐྱིན་གསབ་ཚབ་བྱེད་པའི་སློབ་མ་ཁྲི་0.009ཡོད་ཅིང་། ཐད་ཀར་དམག་མིའི་འགོ་པ་བསྡུ་བར་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་0.0007བཏང་ནས། སྒོར་སྐྱིན་གསབ་ཚབ་བྱེད་པའི་སློབ་མ་ཁྲི་0.0001ལ་སླེབས་པ་རེད། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་སློབ་གསོའི་རོགས་དངུལ་སྲིད་ཇུས་ཁག་གི་མ་དངུལ་སྒོར་དུང་ཕྱུར་0.0001བཏང་བ་དང་། རོགས་དངུལ་ཐོབ་པའི་སློབ་མ་ཁྲི་0.0003ཟིན། གཱ་དང་ཡིག་ཚགས་བཟོས་པའི་དབུལ་བོའི་སློབ་གྲྭ་ཆེན་མོ་བར་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་སྲིད་ཇུས་སོ་སོར་མ་དངུལ་སྒོར་དུང་ཕྱུར་0.47བཏང་སྟེ། རོགས་སྐྱོར་ཐོབ་པའི་སློབ་མ་ཁྲི་0.98ལ་སླེབས་པ་རེད། 

དྲུག  ཞིབ་འཇུག་སློབ་མའི་སློབ་གསོའི་རོགས་སྐྱོར།

        ཞིབ་འཇུག་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་དོན་འཁྱོལ་ཡོང་བར་བྱས་ཏེ། སློབ་སྦྱོང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་0.18བཏང་བ་དང་། བྱ་དགའི་རོགས་དངུལ་ཐོབ་པའི་ཞིབ་འཇུག་སློབ་མ་ཁྲི་0.4ལ་སླེབས་པ་རེད། 

བདུན། ཕྱོགས་བསྡུས་རིགས་ཀྱི་སློབ་མའི་རོགས་སྐྱོར།

         ཕྱོགས་བསྡུས་རིགས་ཀྱི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.63དོན་འཁྱོལ་ཡོང་བར་བྱས་ཏེ། རོགས་དངུལ་ཐོབ་པའི་སློབ་མའི་གྲངས་ཀ་ཁྲི་8.35ཟིན་པ་རེད། དེའི་ནང་ཀྲུང་དབྱང་ཆེད་དོན་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་གྱིས་སློབ་ཞུགས་རོགས་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་0.06བཏང་བ་དང་། དེ་ལས་དགེ་སློབ་ཁྲི་0.23ལ་ཕན་ཐོགས་ཤིང་།  ས་གནས་རིམ་པ་ཁག་གི་སྲིད་གཞུང་གིས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.56བཏང་བ་དང་། སློབ་མ་ཁྲི་2.88ལ་ཕན་ཐོགས་བྱུང་། ལྗོངས་ཕྱི་ནང་གི་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་དང་ནང་ལོག་བོད་ལྗོངས་འཛིན་གྲྭའི་སློབ་མའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་མ་དངུལ་སྒོར་དུང་ཕྱུར་0.035བཏང་། དེ་ལས་སློབ་མ་ཁྲི་1.35ལ་ཕན་ཐོགས་བྱུང་། སློབ་གྲྭའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་0.095བཏང་བས། སློབ་མ་2.14ལ་ཕན་ཐོགས་པ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་0.88བཏང་བས། སློབ་མ་ཁྲི་1.75ལ་རོགས་སྐྱོར་ཐོབ་སྟེ་ཕན་ཐོགས་བྱུང་བ་རེད།


  • 顶 0