རྒྱ་གར་དང་ནེ་པ་ལའི་སྐད་ཡིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།

2019-11-19
0

 

མི་དམངས་དྲ་བའི་འཕྲིན། ཧྲའན་ཞི་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་དུ་གནས་པའི་བོད་ལྗོངས་མི་རིགས་སློབ་ཆེན་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ་རྗེས་སུ་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་ཆེད་དུ་བཙུགས་པའི་མཐོ་རིམ་སློབ་ཆེན་དང་པོ་རེད། སློབ་གྲྭ་བཙུགས་ནས་ལོ་ངོ་61ཚུན་དུ། སློབ་གྲྭས་བོད་ལྗོངས་མཐོ་རིམ་སློབ་གསོའི་ནུས་པ་ཆེན་པོ་འདོན་བཞིན་ཡོད་ཅིང་། བོད་ལྗོངས་ལ་རིགས་མི་འདྲ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་བྱ་ཆེད། 2013ལོར། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གིས་རྒྱལ་ཁབ་ཀྱི་“རྒྱུད་གཅིག་ལམ་གཅིག་”གི་གྲོས་འགོ་དང་ལེན་ཧུར་ཐག་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས། ནེ་པ་ལའི་སྐད་ཡིག་དང་རྒྱ་གར་སྐད་ཡིག་གི་ཆེད་ལས་འཛུགས་པ་གྲ་སྒྲིག་བྱེད་འགོ་བརྩམས་པ་རེད། 2018ལོར། ནེ་པ་ལའི་སྐད་ཡིག་དང་རྒྱ་གར་སྐད་ཡིག་གི་ཆེད་ལས་དངོས་སུ་བཙུགས་ཐུབ་པ་དང་། སློབ་མས་སློབ་ཡུན་ལོ་4ནང་རྒྱུད་རིམ་ལྡན་པའི་སྒོ་ནས་ནེ་པ་ལ་དང་རྒྱ་གར་སྐད་ཡིག་དང་རིག་གནས་སློབ་སྦྱོང་བྱེད་རྒྱུ་རེད། 


  • 顶 0