ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།

2016-09-27
 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཆེན་མོམོ་གཙོ་གྲས་ཤིག་ཡིན།དེའང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛའ་བརྩེའི་ཐུགས་ཁུར་འོག་སྤྱི་ལོ༡༩༥༠ལོའི་ཟླ་༥པའི་ཚེས༢ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་པེ་ཅིན་ནས་དངོས་སུ་དབུ་བརྙེས།སྤྱི་ལོ༡༩༩༢ལོའི་ཟླ་༡༡པའི་ཚེས༣༠ཉིན་སློབ་གྲྭའི་མིང་བརྗེས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ཞེས་བཏགས།སྤྱི་ལོ་༡༩༩༩ལོའི་ཟླ་༡པོར་”༢༡༡ལས་གཞིའི”བརྟག་དཔྱད་དང་ཞིབ་གཤེར་ཐོབ།འབྱོར་མེད་གྲལ་རིམ་གྱི་སྔོན་རབས་གསར་བརྗེ་བ་བོའོ་ལེན་ཕོས་ཇོག་མའི་ཡོན་གྲང་གི་འགན་ཁུར་བ་དང་།རྒྱལ་ཡོངས་མཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲང་གཞོན་པའམ་མི་དུ་གྲགས་པའི་སྤྱི་ཚོགས་རིག་པའི་མཁས་མཆོག་ཕེའི་ཞོའོ་ཐོང་གིས་སློབ་གྲྭའི་ཡོན་གྲང་གཞོན་པའི་འགན་ཁུར།ལོ་ངོ་ལྔ་བཅུའི་རིང་གི་འཕེལ་རྒྱས་དང་བསྟུན་སློབ་གྲྭ་འདིས་སྤྱི་ཚོགས་རིག་པའི་ཞིབ་འཇུག་གཙོ་བོ་བྱས་ནས་མི་རིགས་རིག་གནས་ཚན་ཁག་ཁྱད་ལྡན་དུ་བཏང་ནས་སྐད་ཡིག་རིག་པ་དང་།རྩིས་རིག་པ།བཟོ་ལས་རིག་པ་དང་གསོ་བ་རིག་པ།དེ་མིན་དཔལ་འབྱོར་དོ་དམ་དང་སློབ་གསོ་རིག་པ།སྒྱུ་རྩལ་བཅས་ཀཡི་ཆེད་ལས་ལྡན་པའི་སྣ་འཛོམས་ཅན་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་གྱུར་ཡོད།ད་ལྟའི་བར་རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་མི་རིགས་ས་ཁུལ་ལ་ཆེད་ལས་སྣ་ཚོགས་པའི་ཤེས་ལྡན་མི་སྣ༥༠༠༠༠ལྷག་སྐྱེད་བསྲིང་བྱས་ཡོད།བོད་རིག་པ་ཞིབ་འཇུག་གླིང་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་ཚན་ཁག་དང་པོའི་བོད་ཀྱི་སྐད་ཡིག་སློབ་དཔྱོད་ཁང་དང་བོད་ཀྱི་ཤེས་རིག་ཞི་འཇུག་ཁང་གཉིས་ཟླ་སགྲིལ་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་།དེ་ནི་རང་རྒྱལ་གྱི་བོད་ཀྱི་ཤེས་རིག་ཚན་ཁག་དང་པོ་དང་རྒྱལ་ནང་ནས་དེ་གཅིག་པུ་ཡིན་པས།དེ་བཙུགས་ཉིན་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་ཁུར་ཆེ་བཞེས་དང་རྒྱལ་ཁབ་ཕྱི་ནང་ཚང་མས་མཐོང་ཆེན་གནང་གི་ཡོད།བོད་ཀྱི་སྐད་ཡིག་ཆེས་ལས་ནི་སྤྱི་ལོ༡༩༥༡ལོར་བཙུགས་པ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཆེད་ལས་ནང་ནས་འཛུགས་སྔ་ཤོས་རེད།ལོ་ངོ་བཞི་བཅུ་ལྷག་ཙམ་གྱི་ནང་སློབ་དཔོན་ཆེན་མོ་ཡུས་ཏོའོ་ཆོན་དང་དུང་དཀར་བློ་བཟང་འཕྲིན་ལས་སོགས་མཁས་དབང་དམ་པ་དག་གི་སྣེ་ཁྲིད་འོག་བོད་རིགས་ས་ཁུལ་གྱི་ཤེས་ཡོན་ཅན་གསོ་སྐྱོང་བྱ་བའི་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་།རྒྱལ་ཁབ་ཕྱི་ནང་གི་མཁས་དབང་རྣམས་ཀྱི་ཁྲོད་ན་མཚན་སྙན་གྱི་ཆེ་བའི་དགེ་རྒན་ཆེན་མོ་སྐལ་བཟང་འགྱུར་མེད་དང་།ཝང་ཡོའོ།ཧུའུ་ཐན།ལི་བང་ཆོན་སོགས་བྱུང་མྱོང་།བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་ནི་སྤྱི་ལོ་༡༩༨༡གོར་བཙུགས་པ་དང་བཅིངས་འགྲོལ་བཏང་རྗེས་རྒྱལ་ནང་དུ་བཙུགས་པའི་བོད་ཀྱི་ཤེས་རིག་ཞིབ་འཇུག་བྱེད་ས་སྔ་ཤོས་རེད། བོད་རིག་པ་ཞིབ་འཇུག་གླིང་དུ་བོད་ཀྱི་སྐད་ཡིག་རྩོམ་རིག་དང་།བོད་ཀྱི་ལོ་རྒྱུས་དཔལ་འབྱོར།བོད་ཀྱི་རིག་གནས་མཚན་ཉིད་སོགས་སློབ་དཔྱོད་ཁང་གསུམ་དང་།བཀའ་བསྟན་དང་བོད་ཀྱི་ནང་ཆོས་ཞིབ་འཇུག་ཁང་།སློབ་ཁང་དང་སྲིད་འཛིན་གཞུང་ལས་ཁང་།དཔྱད་གཞིའི་ཡིག་ཆ་ཁང་བཅས་ཡོད།ཚན་ཁག་དེའི་བོད་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམས་པའི་སློབ་ཁྲིད་དང་།ཞིབ་འཇུག་ཡིག་བསྒྱུར།དོ་དམ་སོགས་བྱེད་མཁན་གྱི་ཤེས་ལནད་མི་སྣ་གསོ་སྐྱོང་བྱེད་རྒྱུ་དམིགས་ཡིལ་གཙོ་བོ་བྱས་ནས།བོད་རང་སྐྱོང་ལྗོངས་རྨང་གཞི་ཡིན་པའི་ཐོག་ནས་བོད་རིགས་ས་ཁུལ་ནས་སློབ་མ་བསྡུ་བཞིན་ཡོད།སྤྱི་ལོ༡༩༩༤ལོར་བོད་ཀྱི་ཤེས་རིག་ཆེད་ལས་དངོས་སུ་བཙུགས་པ་དང་རྒྱལ་ཁབ་སློབ་ཨ་ནས་ཆོག་མཆན་ཐོབ་པ་ལྟར་བོད་ཀྱི་ཤེས་རིག་ཞིབ་འཇུག་སློབ་མའི་ཡོན་ཚད་ཀྱི་ཐོབ་ཐང་སྤྲོད་གནས་བཙུགས་ཡོད་ཅིང་།དངོས་གཞིའི་སློབ་མའི་རྨང་གཞིའི་བསླབ་ཚན་གཙོ་བོའི་གྲས་སུ་སུམ་རྟགས་དང་།དེང་རབས་བོད་ཀྱི་སྐད་ཡིག ཏུང་ཧོང་ནས་ཐོན་པའི་བོད་ཡིག་ཡིག་ཆ།བོད་ཀྱི་རྩོམ་རིག་ལོ་རྒྱུས།གྲུབ་མཐའ།དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས།བོད་ཀྱི་ལོ་རྒྱུས་ཡིག་ཚགས།བོད་ཀྱི་དཔལ་འབྱོར།བོད་ཀྱི་གནའ་རྫས་རྟོགས་ཞིབ།ནང་བསྟན་རྩ་བའི་གཞུང་ལུགས།ཚད་མ་རིག་པ།གནམ་དཔྱད་སྐར་རྩིས་སོགས་བསླབ་ཁག་སྣ་ཚོགས་ལ་མོས་པའི་རྒྱལ་ཁབ་ཕྱི་ནང་གི་སློབ་མ་བསྡུ་བཞིན་ཡོད།
<