དོ་སྙོམས་ངང་འཕེལ་རྒྱས་ཀྱིས་མི་གསར་སྐྱོང་བ།

2019-11-22
0

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། “ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི”དེང་རབས་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། སློབ་མཚམས་ཚང་མར་ཁྱབ་པའི་མི་རིགས་ཀྱི་སློབ་གསོའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་སོང་བ་དང་། ཀུན་སྤྱོད་དང་། བློ་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་དོ་སྙོམས་ངང་འཕེལ་རྒྱས་བྱུང་བ། སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་སོང་བ་བཅས་བྱས་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་ཆུང་གི་སློབ་མས་ལུས་རྩལ་སློབ་ཚན་ཚོགས་བཞིན་པ།

  • 顶 0