ནག་ཐིག་སྐྱེས་ཡོད་པའི་ངང་ལག་ཟ་རུང་ངམ།

2017-10-10

   པགས་པ་ནག་པོ་ཆགས་པ་དང་ནག་ཐིག་སྐྱེས་ཡོད་པའི་ངང་ལག་ཟ་རུང་ངམ།

   

  ངང་ལག་ནག་པོ་ཆགས་ན་ཟ་རུང་མིན་དང་ཉར་ཚགས་བྱེད་སྟངས་ཡང་དག་པའི་སྐོར། 

  ངང་ལག་ཉོ་སྐབས་ང་ཚོས་ངང་ལག་ཁ་ཤས་ཀྱི་པགས་པ་ནག་པོར་གྱུར་པ་མཐོང་གི་ཡོད། མི་ལ་ལས་དེ་ནི་ངང་ལག་སྨིན་དྲགས་པ་རེད་ཅེས་བརྗོད་ཀྱི་ཡོད་པ་དང་། ཡང་ལ་ལས་ངང་ལག་ལ་ནག་ཐིག་ཆགས་པ་དང་ནག་པོ་གྱུར་པ་ནི་ངང་ལག་རུལ་པ་ཡིན་པས་ཟ་མི་རུང་ཞེས་བརྗོད་ཀྱི་ཡོད། འོ་ན་ནག་ཐིག་ཆགས་པ་དང་ནག་པོ་གྱུར་པའི་ངང་ལག་དངོས་གནས་ཟ་མི་རུང་བ་ཡིན་ནམ།

   

  ངང་ལག་ནག་པོར་འགྱུར་བའི་རྒྱུ་རྐྱེན་གང་ཡིན། 

  《པེ་ཅིང་དགོང་དྲོའི་ཚགས་པར་》ཐོག་ངོ་སྤྲོད་བྱས་པར་གཞིགས་ན། བཏོགས་ཟིན་པའི་ངང་ལག་ལ་ས་སྐྱོན་བྱུང་སླ་བ་དང་རུལ་སླ་བ་རེད། ས་སྐྱོན་བྱུང་བའི་མཚོན་ཚུལ་ནི་ངང་ལག་ལ་ནག་ཐིག་ཆགས་པ་དང་། ནག་ཐིག་དེ་ཚོ་རིམ་བཞིན་ཆེ་རུ་ཕྱིན་ནས་མཉམ་དུ་བསྲེས་པ་དང་། ངང་ལག་གི་པགས་པ་དང་སིལ་ཤ་ཚང་མ་ནག་པོ་གྱུར་ནས་རུལ་འགྲོ་བ་རེད།

   

  པགས་པ་ནག་པོ་ཆགས་པ་དང་ནག་ཐིག་སྐྱེས་ཡོད་པའི་ངང་ལག་ཟ་རུང་ངམ། 

  མི་དམངས་དྲ་བའི་ཅང་སུའུ་འཕྲིན་ལམ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ངང་ལག་གི་པགས་པའི་ཐོག་ནག་ཐིག་ཉུང་ཤས་ཡོད་ན་ཟ་རུང་བ་མ་ཟད། སྐབས་འདིའི་ངང་ལག་ལ་མངར་ཚད་ཇེ་ཆེར་ལྡན་པར་གྱུར་ཡོད་པས། ཞིམ་མངར་དེ་བས་ཆེན་པོ་ཆགས་པ་རེད་བརྗོད་ཡོད།

  ཡིན་ནའང་། ངང་ལག་གི་པགས་པའི་ཐོག་ནག་ཐིག་མང་པོ་སྐྱེས་ཡོད་ན། ངང་ལག་དེ་ནི་སྨིན་དྲགས་པ་མཚོན་གྱི་ཡོད་པས། སྐབས་འདིར་ངང་ལག་གི་པགས་པ་བཤུས་རྗེས། གལ་ཏེ་སིལ་ཤ་ཡང་ནག་པོ་གྱུར་ཡོད་ན། ངང་ལག་དེ་ནི་རུལ་བར་གྱུར་པས་ཟ་མི་རུང་བ་རེད།

   

  ངང་ལག་ཉར་ཚགས་བྱེད་སྟངས་ཡང་དག་པ། 

  ངང་ལག་ཉོ་དུས་ངང་ལག་ཐོག་ཏུ་ནག་ཐིག་ཆགས་མེད་ཀྱང་། གལ་ཏེ་དུས་ཐོག་ཏུ་མ་བཟས་ན། ནག་ཐིག་མགྱོགས་མྱུར་ངང་ཆགས་ཡོང་གི་ཡོད་པས། ངང་ལག་ཉར་ཚགས་ཡང་དག་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། མི་དམངས་དྲ་བའི་ཧའེ་ནན་འཕྲིན་ལམ་གྱིས་འཛད་སྤྱོད་པ་ཚོར་ངང་ལག་ཉར་ཚགས་བྱེད་སྟངས་ཀྱི་གྲོས་འགོ་བཏོན་པ་གཤམ་གསལ།

  1.ངང་ལག་ཉོས་རྗེས་སུ་དཔྱངས་ནས་ཉར་ཚགས་བྱས་ན་ཡག་ཤོས་ཡིན་ཞིང་། དེ་ལྟར་བྱས་ན་བཙིར་གནོན་བྱེད་ཤུགས་ཆུང་བ་རེད།

  2.ཉོས་ཟིན་པའི་ངང་ལག་ལམ་སེང་ཆུའི་ནང་གཤལ་འཁྲུད་ཐེངས་ཁ་ཤས་བྱ་རྒྱུ།

  3.ངང་ལག་འཁྱག་སྒམ་ནང་ཉར་མི་རུང་བ། གལ་ཏེ་སིལ་ཤའི་ཁ་མདོག་གྱུར་ནས་ནག་པོ་ཆགས་པ་ཡིན་ན་ཞིམ་པོ་མེད་པ་རེད།