ཕྱུག་པོར་གླ་བ་བཏང་བ།

2017-07-12

   གནའ་སྔོ་མོ་ཁྱིམ་ཚང་ཕྱུག་པོ་ཞིག་ཡོད། ཁྱིམ་ཚང་དེ་ནི་རྟག་ཏུ་རང་གི་རྒྱུ་ནོར་ངོམས་ནས་མི་སེར་ལ་བརྡབ་གསིག་གཏོང་མཁན་གཏེ་བོ་ཞིག་ཡོད།  

  དེ་དུས་ཨ་ཁུ་སྟོན་པའི་ཨ་མ་སྐམ་སྐྱིད་གྲོངས་པས་ཨ་ཁུ་སྟོན་པའི་སེམས་པར་ད་རེས་ཁྱིམ་ངན་དེ་ལ་གཉའ་ཞིག་མ་བཅག་ན་མི་ཡོང་སྙམ་ནས་ཕྱུག་པོ་དེའི་ཁྱིམ་ཚང་གི་ལུད་སྐྱེལ་སྐབས་ཤི་ཁུལ་གྱིས་བཞག དེ་ནས་གླ་བ་རྣམས་དེར་ལས་ཀ་བྱེད་པར་ཡོང་སྐབས་མཐོང་ནས་ཨ་ཁུ་སྟོན་པར་སྐད་བཏང་། ཨ་ཁུ་ཧ་ལས་ཀྱིས་ངུས་བ་དང་ཧོན་ཐོར་ཐོར་གྱིས་བརྒྱལ། སྦྱིན་བདག་གིས་ཨ་ཁུ་ལ་ཁྱོད་ཚང་གི་ཨ་མ་ངེད་ཚང་ལ་གང་འདྲ་གང་འདྲ་བྱས་ནས་ཡོང་བ་ཡིན་ནམ་ཞེས་འདྲི་སྐབས་ཨ་ཁུ་སྟོན་པས་དཔེ་མི་སྲིད། མི་ཚང་རྒྱུ་མེད་འདི་འདྲ། ངའི་ཨ་མ་ཁྱོད་ཚོའི་ར་ཚང་དུ་མི་གླར་ཕྱིན་ནས་ཤི་བ་དང་རུམ་དུ་ཁྱོད་ཚོས་སྤྲད་པའི་བག་ཚ་ཡང་ཉར་འདུག ད་དུང་དེ་འདྲ་བཤད་ཕོད་དམ་ཞེས་སྨྲས་པས་ཁྱིམ་ཚང་ཕྱུག་པོ་དེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ནས་ཨ་ཁུ་སྟོན་པ་ལ་རྒྱུ་དངོས་མང་པོ་ཞིག་སྤྲོད་དགོས་བྱུང་ངོ་།