ཁ་ལག་གཙང་པ་ཟ་རྒྱུའི་གོམས་གཤིས། ཆུང་དུས་ནས་ཆགས་པ་བྱེད་པ།

2017-06-05

   གྲོན་ཆུང་བསྲི་ཚགས་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན། ཀྲུང་གོའི་སློབ་གྲྭ་འབྲིང་ཆུང་གིས་ཁ་ལག་གཙང་པ་ཟ་བའི་བྱ་སྤྱོད་སྤེལ་བ་བརྒྱུད་ལོ་ཆུང་བྱིས་པའི་འབྲུ་རིགས་ལ་བདག་གཅེས་དང་ཡ་རབ་ཐོག་ནས་ཁ་ལག་ཟ་བའི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་པ་དང་ཕྲུ་གུ་ཚོས་གྲོན་ཆུང་བྱེད་རྒྱུ་གཟི་བརྗིད་ལ་བརྩི་བ་དང་གྲོན་ཆུང་བྱེད་རྒྱུ་དར་སྲོལ་ཞིག་ལ་གྱུར་བ་བྱེད་དགོས་ཀྱི་ཡོད།

  ཉིན་དགུང་ཁ་ལག་ཟ་བའི་དུས་ཚོད་སླེབས་གྲབས་ཡོད་པས་པེ་ཅིན་ཁྲུང་ཝུན་སློབ་ཆུང་གི་ཟ་ཁང་ནང་འཚོ་བའི་དགེ་རྒན་གྱིས་ཕྲུ་གུ་ཚོའི་ཁ་ལག་བགོ་བཤའ་རྒྱག་བཞིན་ཡོད་པ་རེད། གྲོན་ཆུང་གི་ཚད་གཞི་ལྟར་སྔོན་ལ་ཉུང་ཙམ་སྤྲོད་པ་དང་གལ་ཏེ་ཕྲུ་གུ་ཚོས་འདང་གི་མི་འདུག་ཟེར་ན་མང་དུ་བཏང་ཆོག་གི་ཡོད། དེ་ལྟར་བྱས་ཚེ་གཅིག་ནས་ལྟོ་འགྲངས་པ་དང་གཉིས་ནས་འཕྲོག་བརླག་འགྲོ་གི་མེད། ཁ་ལག་བགོ་བཤའ་རྒྱག་པ་ནས་ཁ་ལག་ཟ་བའི་བར་དང་རྒྱུན་ལྡན་འཚོ་བ་ནས་སློབ་ཁང་ནང་གི་སློབ་གསོའི་བར། སློབ་གྲྭས་ཞིབ་ཕྲའི་ལྷུ་ཚིག་ནས་དམ་འཛིན་གྱིས་གྲོན་ཆུང་གི་ས་བོན་དེ་ཕྲུ་གུ་མི་རེ་ངོ་རེའི་སེམས་ནང་བཏབ་དགོས་ཀྱི་ཡོད།

  ས་གནས་ཁག་གིས་དོན་དངོས་གནས་ཚུལ་དང་ཟུང་སྦྲེལ་བྱེད་པ་དང་སློབ་གསོའི་སྡེ་ཁག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏོང་བ་མ་ཟད་སློབ་མ་ཚོས་རྒྱུན་ལྡན་འཚོ་བའི་ནང་འབྲུ་རིགས་གྲོན་ཆུང་བྱེད་རྒྱུ་དེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་དཔྱད་དཔོག་ནང་འཇུག་དགོས་ཀྱི་ཡོད། ད་ཆ་རང་ཉིད་ནས་འགོ་འཛུགས་པ་དང་ཁ་ལག་གཙང་མ་ཟ་གང་ཐུབ་བྱེད་རྒྱུ་དེ་སློབ་མ་མང་པོའི་རང་རྟོགས་བྱ་སྤྱོད་ལ་འགྱུར་བ་བྱེད་དགོས། པེ་ཅིན་གྲོང་ཁྱེར་གོང་ཆུས་མན་སློབ་འབྲིང་གི་འཛིན་གྲྭ་མང་པོ་ཞིག་གིས་ཁ་ལག་་གཙང་མ་ཟ་བའི་བྱ་སྤྱོད་དེ་འཛིན་གྲྭའི་སྒྲིག་སྲོལ་ནང་བཅུག་ནས་འཛིན་གྲྭ་ཡོངས་ཀྱི་ཁ་ལག་གཙང་མ་ཟ་བའི་ཉིན་བརྒྱའི་བྱ་སྤྱོད་སྤེལ་ཡོད།