སྙན་ངག་ལ་བསྟོད་པ་དབྱངས་ཅན་དགྱེས་གླུ།

2016-11-09
0

བླང་དོར་ཚུལ་བཞིན་འབྱེད་པའི་བློ་མིག་ལ།།    སྔུན་འགྲོ་བསྟན་བཅོས་ངན་པའང་ཤེས་དགོས་ན།།

མཁས་བླུན་ཐམས་ཅད་དགའ་བ་བསྐྱེད་པའི་ངག།     སྙན་གཞུང་དགའ་མ་ཁབ་ཏུ་དེ་བས་ཀྱང་།།

ཇིག་རྟེན་མཁས་པ་མེད་ན་མུན་པ་འདྲ།།         མཁས་ཀྱང་སྙན་ངག་མེད་ན་ནེ་ཙོ་འདྲ།།

སྐྱེ་བོའི་ཡིད་སེམས་འཕྲོག་པའི་སྙན་འཇེབས་ངག།      རང་གི་གྲོགས་སུ་མི་སྦྲོན་རང་དབང་ཅི།

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པའི།།     ས་སྟེང་རིན་ཆེན་རྣམ་གསུམ་ཡ་གྱལ་ཞེས།།

གལ་ཆེའི་ཞལ་གསུང་དྲོན་པོ་ཉིད་ཀྱིས་རྐྱེན།།        དེ་ལ་མི་བརྩོན་སྣང་མེད་སྐྱུར་ཕོད་དམ།།

  མཁས་རྣམས་གདན་འཛོམས་དབུས་ན་མི་འཇིགས་ཤིང་།།    སྐྱེ་བོའི་ཚོགས་ལ་གཏམ་གྱི་སྤོབས་པ་མཐོ།།

སྐྱེས་བུས་བརྩམས་པའི་སྙན་ཚིག་ལེགས་པར་གོ།    ཀུན་ཀྱང་མཚུངས་མེད་སྙན་ངག་འདི་ཡི་དྲིན།།