བོད་ཀྱི་དཔར་ཁང་གྲགས་ཅན་སྤྱི་བཤད།

2016-11-17
0

   

  སྡེ་དགེའི་དཔར་ཁང་གི་ཟུར་ཞིག 

       སྤྱི་ལོ་དུས་རབས13གྱི་སྐབས་སུ། བོད་དུ་ཤིང་བརྐོས་པར་འདེབས་ལག་རྩལ་དང་བོད་ཤོག་བཟོ་རྩལ་འཕེལ་རྒྱས་བྱུང་པ་ནས་བཟུང་། ས་ཁུལ་སོ་སོའི་དགོན་སྡེ་ཁག་གིས་ཀྱང་རིམ་གྱིས་རང་སོ་སོའི་དཔར་ཁང་བཙུགས་ཤིང་། བོད་ཡུལ་གྱི་དཔར་སྐྲུན་ལས་རིགས་དེ་ཆར་རྗེས་ཤ་མོ་བརྡོལ་བ་ཇི་བཞིན་འཕེལ་རྒྱས་མགྱོགས་མྱུར་གྱིས་ཕྱིན། དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་དང་དར་སྤེལ་གཏོང་བར་བྱེད་ནུས་གལ་ཆེན་ཐོན་ཡོད།  འདིར་བོད་ཡུལ་གྱི་དཔར་ཁང་ཆེན་མོ་བརྒྱད་ངོ་སྤྲོད་རགས་ཙམ་བྱ།

   སྣར་ཐང་དཔར་ཁང་།སྣར་ཐང་དགོན་པ་ནི་གཞིས་ཀ་རྩེ་ས་ཁུལ་དང་སྤྱི་ལེ15ཙམ་གྱིས་ཆོད་པའི་ས་རུ་ཆགས་ཤིང་། བཀའ་གདམས་པའི་མཁས་དབང་གཏུམ་སྟོན་བློ་གྲོས་གྲགས་པ་མཆོག་གིས་སྤྱི་ལོ1153ལོར་ཕྱག་བཏབ་ཅིང་རྗེས་སུ་རིམ་གྱིས་སྣར་ཐང་དགོན་སྡེའི་མ་ལག་ཏུ་ཆགས།    སྙན་པའི་གྲགས་པ་འབར་པའི་སྣར་ཐང་དཔར་ཁང་འདི་ཉིད་སྣར་དགོན་དུ་ཡོད་ཅིང་།  དེ་ནི་བོད་ཀྱི་དཔར་ཁང་ཆེས་སྔ་ཤོས་ཡིན། ཆིང་རབས་ཀྱི་གོང་མ་ཁང་ཞི་ཡི་དུས་སུ་ཏྰ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་སྐུ་དངོས་ནས་བཀའ་བཀོད་གནང་སྟེ་སྣར་ཐང་དཔར་ཁང་ནས་བཀའ་འགྱུར་གྱི་དཔར་བཞེངས། ཕོ་ལྷ་བ་བསོན་ནམས་སྟོབས་རྒྱལ་གྱིས་སྲིད་སྐྱོང་བའི་དུས་ཏེ་སྤྱི་ལོ1730ལོར་བཀའ་བསྟན་ཆ་ཚང་གི་དཔར་བཞེངས་པ་མ་ཟད། ཆོས་རྗེ་བུ་སྟོན་རིན་ཆེན་གྲུབ་ཀྱིས་བསྒྲིགས་པའི་བཀའ་བསྟན་ལག་བཤུས་དེ་གཞིར་བཟུང་ནས་བཀའ་བསྟན་གྱི་དཔར་བརྐོས། དེར་སྣར་ཐང་དཔར་རྙིང་ཞེས་འབོད། དཔར་འདིའི་མ་དཔེ་ད་སྐབས་བཀྲ་ཤིས་ལྷུན་པོ་དང་པོ་ཏ་ལ་རུ་ད་དུང་བཞུགས། སྣར་ཐང་གི་དཔར་དེའི་ནང་དོན་ཕུན་སུམ་ཚོགས་པོ་ཡིན་པ་མ་ཟད་ནང་དུ་ད་དུང་ཚོན་ཕབ་པའི་རི་མོ་ཡང་ཡོད།སྐབས་དེར། སྣར་ཐང་དཔར་ཁང་གིས་དཔར་སྐྲུན་ལས་རིགས་སུ་དཔར་བརྐོ་བཟོ་བ་མང་པོ་གསོ་སྐྱོང་བྱས་ཏེ་དཔར་སྐྲུན་ལས་རིགས་དང་རིག་གནས་ལས་རིགས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བར་ཕན་ནུས་བསམ་གྱིས་མི་ཁྱབ་པ་ཐོན།ཅོ་ནེའི་དཔར་ཁང་།ཅོ་ནེ་དགོན་པ་ནི་ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་དུ་ཆགས་ཤིང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་བཀའ་ལྟར་སྤྱི་ལོ1295ལོར་ཕྱག་བཏབ། 1459ལོར་ཅོ་ནེ་དཔོན་རབས་གཉིས་པའི་གཅུང་པོ་རིན་ཆེན་ལྷུན་པོ་ཡིས་དགེ་ལུགས་སུ་བསྒྱུར་ཅིང་ཁྲི་བར་བཞུགས། དུས་རབས16པར་ཅོ་ནེ་དགོན་ཆེན་དུ་དཔར་ཁང་བཙུགས་པ་ནས་བཟུང་ནང་བསྟན་གྱི་བསྟན་བཅོས་ཁྲི་མ་འབུམ་བརྐོས་ཤིང་དཔར་ཏེ་སྐབས་དེའི་མདོ་སྨད་ཀྱི་དཔར་བརྐོ་དང་དཔེ་སྐྲུན་ལས་རིགས་ཀྱི་ལྟེ་བ་དང་རིག་གནས་དར་སྤེལ་གྱི་ལྟེ་བ་རུ་གྱུར།ཡོན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཅོ་ནེ་དགོན་ཆེན་དུ་དཔར་ཁང་ཆུང་བ་ཞིག་བཙུགས་ཏེ་གཙོ་བོ་ནང་བསྟན་བསྟན་བཅོས་ཀྱི་ལེའུ་ཆ་ཤས་རེ་དཔར། དཔོན་རབས་བཅུ་གཅིག་པ་དམག་ཟོར་མགོན་པོའི་སྐབས་སུ་བཀའ་འགྱུར་དཔར་ཁང་བཙུགས་ཏེ་ཆེད་དུ་བཀའ་འགྱུར་གྱི་དཔར་བརྐོ་བའམ་བཤུ་འབྲི་བྱས། ཁྱོན་པོད108དང་དཔར་ཤིང་ཁྲི8ལྷག་ཡོད། དཔོན་རབས་བཅུ་གསུམ་པ་བསྟན་སྲུང་ཚེ་རིང་གི་སྐབས་ཏེ་སྤྱི་ལོ1753ལོར་བསྟན་འགྱུར་དཔར་ཁང་བཙུགས་པར་པོད317དང་དཔར་ཤིང་ཁྲི12ཡོད། བསྟན་འགྱུར་ཆ་ཚང་ཞིག་དཔར་བར་བཟོ་བ70ཡིས་ཟླ་5ལྷག་ལ་ད་གཟོད་ཚར་ཐུབ།བཀའ་འགྱུར་དཔར་ཁང་དང་བསྟན་འགྱུར་དཔར་ཁང་གིས་བོད་རྒྱུད་ནང་བསྟན་གྱི་བསྟན་བཅོས་བགྲང་གིས་མི་ལངས་པ་དཔར་དུ་བརྐོས་ཤིང་པར་དུ་བསྐྲུན། བཀའ་འགྱུར་དཔར་ཁང་ལ1721ལོ་ནས1928ལོའི་བར་དུ་ཁྱོན་ལོ་ངོ207གྱི་ལོ་རྒྱུས་ཡོད་པ་དང།བསྟན་འགྱུར་དཔར་ཁང་ལ1753ལོ་ནས1928ལོའི་་བར་དུ་ཁྱོན་ལོ་ངོ175ཡི་ལོ་རྒྱུས་ལྡན། དེའི་རིང་དུ་དཔར་ཁང་གཉིས་ནས་མཚན་ཉིད་རིག་པ་དང་ལོ་རྒྱུས། མཛད་རྣམ། རྩོམ་རིག། གསོ་རིག། སྐར་རྩིས་སོགས་ཀྱི་ནང་དོན་འདུས་བའི་དཔེ་ཆ་ཁྲི་ལྷག་དཔེ་སྐྲུན་མཛད། དཔེ་ཆ་དེ་དག་དེང་སྐབས་དགོན་པ་དེ་རང་ཕུད་པའི་བོད་ཀྱི་དགོན་སྡེ་ཁག་དང་སློན་ཆེན་གྱི་དཔེ་མཛོད་ཁང་ཁག་ཏུ་ཉར་བ་མ་ཟད། དཔེ་རྒྱུན་རྩ་ཆེན་མང་པོ་ཞིག་འཇའ་ཕན་དང་ཨ་མེ་རི་ཁ་དང་གསོག་ཉར་ལས་ཁུངས་མང་པོ་ཉར་ཚགས་བྱས། 

   

   

   

   

   

  • 顶 0