མོ་ཡི་རིག་གནས་ངོ་སྤྲོད་མདོར་བསྡུས།

2019-06-03
0


མོ་ཡི་རིག་གནས་ངོ་སྤྲོད་མདོར་བསྡུས།   སྤྱིར་མོ་ཞེས་པ་ནི་སྟོན་པ་གཤེན་རབ་མ་བྱོན་པའི་གོང་ནས་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་རྣམས་སུ་དར་ཡོད་པའི་ལྐོག་གྱུར་ཐམས་ཅད་གསལ་བར་བྱེད་པའི་རིག་གནས་ཤིག་ཡིན་ཞེས་མཁས་དབང་ནམ་མཁའི་ནོར་བུས་གསུངས་པ་དང་། གནའ་བོ་བོད་ཀྱི་མ་འོང་ལེགས་ཉེས་བཟང་ངན་ཅི་དང་ཅི་ཡོང་བའི་བརྟག་ཐབས་ཀྱི་རིགས་མཐའ་དག་ལ་མོ་དང་རྩིས་ཀྱི་རིག་གནས་ཟེར་ཞིང་།  ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པ།  དཔེར་ན་སྟོན་པ་གཤེན་རབ་མི་བོའི་འཁྲུངས་སྟོན་ལ་ཕེབས་པའི་ཉི་བོན་དང་ཟླ་བོན།  སྐར་བོན་ཟེར་བ་སོགས་ཀྱང་མོ་རྩིས་དེ་རིགས་ལ་ཕྱག་ལས་གནང་མཁན་གྱི་མཁས་པ་ཤ་སྟག་ཡིན་ཞིང་།  སྟོན་པ་གཤེན་རབ་ནས་དེ་དག་ཀྱང་རིག་གནས་ཀྱི་མ་ལག་ཆ་ཚང་བར་ཆགས་ཏེ་བོད་ཀྱི་རིག་གནས་ཀྱི་ཆ་ཤས་སུ་གྱུར་ཡོད་པར་མ་ཟད། དེ་དག་གི་ནང་དོན་དང་ལག་ལེན་འདེབས་སྟངས་སོགས་གནའ་བོ་ཨེ་ཅིས་(古埃及)ཆོས་ལུགས་སུ་ཡོད་པའི་མོ་རྩིས་དང་ཆ་མཐུན་པ་དུ་མ་ཡོད་པས། མོ་རྩིས་གཏོ་སྨན་གྱི་རིག་གནས་ནི་བོད་ཙམ་དུ་མ་ཟད་འཛམ་གླིང་ཡུལ་གྲུ་སོ་སོར་དར་བའི་དུས་རབས་ཤིག་གི་རིག་གནས་ཡིན་པའང་ར་སྤྲོད་ཐུབ། སྤྱིར་བོན་ལུགས་མོ་ཡི་རིག་གནས་ལ་མོ་པྲ་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་པར་བཤད་ཀྱང་བསྡུས་ན་ཡེ་མཁྱེན་སྒྲ་བླའི་མངོན་ཤེས།  ཡེ་དབང་ལྷའི་པྲ་བརྟགས།  ཡེ་རྗེ་སྨོན་པའི་རྨི་ལམ།  ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང་བཞིར་མ་འདུ་བ་མེད་པར་བཤད།  

  • 顶 0