སྡེ་དགེའི་འཁོར་མདོ་དགོན་གྱི་ལྡེབས་རིས་རྙིང་པ།

2019-05-08
0

སྡེ་དགེའི་འཁོར་མདོ་དགོན་གྱི་ལྡེབས་རིས་རྙིང་པ།

                                                                             དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས།

དཔལ་ལྡན་འཁོར་མདོ་དགོན་ཐུབ་བསྟན་རིག་གྲོལ་ཆོས་འཁོར་གླིང་།

        འཁོར་མདོ་དགོན་ནི་སྡེ་དགེ་རྫོང་ནས་ལམ་ཐག་སྤྱི་ལེ་25ཙམ་གྱིས་རྒྱང་བའི་ཁྲོ་ལ་རི་བོའི་ཞོལ་གྱི་འཁོར་ལོ་མདོ་ཡུལ་ཤོག་གི་ཟུར་དུ་ཆགས་ཡོད།  མཚོ་འཕགས་སྨི་3420ཙམ་ཡོད། 1983ལོར་སྡེ་དགེ་རྫོང་གིས་དགོན་པ་དེའི་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་། ད་ལྟ་ཁུལ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཡིན།
        དགོན་པ་འདི་སྤྱི་ལོ་1227བོད་རབ་བྱུང་བཅུ་བཞི་པའི་མེ་ཕག་ལོར་སྐྱེས་མཆོག་ནམ་མཁའ་ཆོས་རྒྱལ་གྱིས་ཐོག་མར་རྙིང་མའི་དགོན་པ་རུ་ཕྱག་བཏབ། དེ་ནས་སྤྱི་ལོ་1268ལོར་བོད་རབ་བྱུང་བཅོ་ལྔ་པའི་ས་འབྲུག་ལོར་འགྲོ་མགོན་ཆོས་འཕགས་ཤར་ཕྱོགས་གོང་མ་ཆེན་པོའི་དབུ་བླ་རུ་ཕེབས་སྐབས་དགོན་པ་དེ་ཉམས་གསོ་དང་རབ་གནས་མཛད་རྗེས་གྲུབ་མཐའ་ས་སྐྱ་པར་བསྒྱུར།  དེ་རྗེས་དགོན་པ་ལ་མེའི་འཇིག་པ་ཐེབས་ནས་ཡུན་རིང་གྱང་རར་ལུས།  གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་སྡེ་དགེ་རྒྱལ་པོ་མཆོད་ཡོན་གྱི་འབྲེལ་བ་ཆགས་རྗེས་དགོན་པ་འདི་སྔོན་མའི་རི་མགོ་ནས་ད་ལྟའི་ས་གནས་འདིར་སྤོས་ནས་གསར་བཞེངས་རབ་གནས་མཛད།  དུས་འགྱུར་གྱི་ཁྲོད་དུ་དགོན་པ་འདིའི་ཕྱིའི་འཛུགས་སྐྲུན་དང་།  ནང་གི་ལྡེབས་རིས་དང་ནང་རྟེན་སོགས་ཉམས་གུད་ཆེན་པོ་མ་བྱུང་པར་ད་བར་སྲུང་སྐྱོབ་ཡག་པོ་ཐུབ་ཡོད།

འོད་དཔག་མེད།

        རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་གྲགས་ཅན་ཝུན་ཡུས་ཁྲེང་དགོན་པར་འདིར་རྟོག་ཞིབ་ཕེབས་སྐབས་དགོན་པ་འདིའི་ལྡེབས་རིས་ནི་མིང་རྒྱལ་རབས་དུས་སྐབས་ཀྱི་རི་མོ་རྙིང་པ་ཡིན་པས་ཧ་ཅང་རྩ་ཆེན་ཞིང་ཞིབ་འཇུག་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པའི་དགོངས་ཚུལ་བཏོན་མྱངས། །  

 

ཤཱཀྱ་ཐུབ་པ།

བདེ་གཤེགས་སོ་ལྔ།

ཀུན་རིག་རྩ་ལྷ་སོ་བདུན།

རྣམ་པ་སྣང་མཛད།

བར་ཆད་ལམ་སེལ།

གུར་ལྷ་བརྒྱད།

ས་སྐྱའི་བཀའ་སྲུང་།

མགོན་པོ་གུར།

དུར་བདག་ཡབ་ཡུམ།         

རྡོ་རྗེ་འཇིགས་བྱེད།

མགོན་པོ་གདོང་བཞི།

རྡོ་རྗེ་རྒྱལ་མཚན།

གྲུབ་ཐོབ།

འཕགས་པའི་གནས་བརྟན།

བདེ་མཆོག་མི་སྐྱོད་པ།

གྲུབ་ཐོབ།

རྣམ་ཐོས་སྲས།

ཚོགས་བདག

དཔལ་ལྡན་ལྷ་མོ།

རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་གྲགས་ཅན་ཝུན་ཡུས་ཁྲེང་གིས་འཁོར་མདོ་དགོན་པའི་ལྡེབས་རིས་ནི་མིང་རྒྱལ་རབས་དུས་སྐབས་ཀྱི་རི་མོ་རྙིང་པ་ཡིན་པའི་དགོངས་ཚུལ་བཏོན།


ལྡེབས་རིས་བཞུགས་སའི་འདུ་ཁང་རྙིང་པ།


  • 顶 0