བལ་བྲིས།

2018-12-13
0

 

   བལ་བྲིས་ནི་དུས་རབས་བདུན་པ་སྟེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ། ར་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་བཞེངས་སྐབས་བལ་བོའི་ལྷ་བཟོ་ཁྲོ་བོ་སོགས་གདན་འདྲེན་ཞུས་ཡོད་ཅིང་། སྐབས་དེའི་ལྡེབས་རིས་དག་བལ་བོའི་ལྷ་བཟོ་ཡིས་བཞེངས་ཞེས་གསལ་བོར་འཁོད་ཡོད་པར་བལྟས་ན་སྐབས་དེར་དར་བ་ཤེས་ཐུབ་བོ། །

   བལ་བྲིས་ནི་དུས་རབས་བདུན་པ་སྟེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ། ར་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་བཞེངས་སྐབས་བལ་བོའི་ལྷ་བཟོ་ཁྲོ་བོ་སོགས་གདན་འདྲེན་ཞུས་ཡོད་ཅིང་། སྐབས་དེའི་ལྡེབས་རིས་དག་བལ་བོའི་ལྷ་བཟོ་ཡིས་བཞེངས་ཞེས་གསལ་བོར་འཁོད་ཡོད་པར་བལྟས་ན་སྐབས་དེར་དར་བ་ཤེས་ཐུབ་བོ། ། དུས་དེར་བལ་པོའི་ལྷ་བཟོས་རྒྱལ་བོའི་ཡི་དམ་གྱི་ལྷ་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་སྐུ་བཞེངས་པ་ནི་བོད་དུ་འབུར་སྐུ་བཞེངས་བའི་ཐོག་མ་ཡིན་པར་གྲགས་ཤིང་། དེ་ནས་ད་དུང་གེ་རིའི་བྲག་ལ་ཡིག་དྲུག་དང་། སྤྱན་རས་གཟིགས། སྒྲོལ་མ། རྟ་མགྲིན་བཅས་ཀྱི་སྐུ་འབུར་དུ་བརྐོས་པ་དང་། ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ལྷ་ཁང་གི་རྟེན་གཙོ་བོ་རྣམ་སྣང་གཙོ་འཁོར་གསུམ་དང་། ལྷ་སའི་བྲག་ལྷ་ཀླུ་སྒུག་གི་ཇོ་བོ་ཤཱཀྱ་མུ་ནེ་སོགས་ཀྱང་སྐབས་དེ་དུས་བལ་བོའི་ལྷ་བཟོ་བས་བྲག་ལ་འབུར་དུ་བརྐོས། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལྷ་སྐུའི་ལྡེབས་རིས་རྣམས་ཀྱང་བལ་བོའི་ལྷ་བཟོ་བས་བྲིས། དུས་དེ་ནས་བཟུང་བོད་ཀྱི་རི་མོ་མཁས་པ་རྣམས་ཀྱིས་བལ་བོའི་ལྷ་བཟོ་བའི་དྲུང་ནས་བལ་ལུགས་ཀྱི་ལྷ་རིས་འབྲི་སྲོལ་སློབ་སྦྱོང་བྱས་ཏེ་བལ་ལུགས་ཀྱི་རི་མོ་འབྲི་སྲོལ་དར་འགོ་ཚུགས་ཡོད་པར་གྲགས་སོ། །

  • 顶 0