གློག་རྡུལ་རོལ་ཆ།

2018-12-06
0

 

   གློག་རྡུལ་རོལ་ཆ་ནི་དུས་རབས20པའི་ལོ་རབས50པར་བྱུང་ཞིང་དར་བའི་རོལ་མོ་གསར་པ་ཞིག་ཡིན་པ་དང་། གློག་གི་ཐབས་ཀྱིས་སྐད་སྒྲ་འདོན་པ་དང་སྤུད་པའི་ཐོག་ནས་བཟོས་པའི་རོལ་ཆ་སྤྱི་ལ་ཟེར།

  གློག་རྡུལ་རོལ་ཆ་ནི་དུས་རབས20པའི་ལོ་རབས50པར་བྱུང་ཞིང་དར་བའི་རོལ་མོ་གསར་པ་ཞིག་ཡིན་པ་དང་། གློག་གི་ཐབས་ཀྱིས་སྐད་སྒྲ་འདོན་པ་དང་སྤུད་པའི་ཐོག་ནས་བཟོས་པའི་རོལ་ཆ་སྤྱི་ ལ་ཟེར་བ་དང་། དེ་ཉིད་སྐྱིལ་རྟེན་ལས་རང་བྱུང་དུ་སྒྲ་འདོན་པའི་རོལ་མོ་དང་ཁྱད་པར་ཡོད་པ་རེད།

  གློག་རྡུལ་རོལ་ཆ་སྒྲིག་པ་ནི་གློག་རྡུལ་གྱི་ལག་རྩལ་ལས་སྐད་སྒྲ་སྣ་ཚོགས་འབྱུང་བར་ བྱེད་པའི་དེ་ཡིན། སྒྲིག་པ་པོས་གློག་རྡུལ་གྱི་ལག་རྩལ་དེ་དག་སྤྱད་དེ་སྐད་སྒྲ་ངོ་མཚར་ཅན་སྣ་ ཚོགས་དང་འགྱུར་བག་ཆེ་བའི་འགྲོས་ཚིགས་སྡེབ་སྒྲིག་བྱས་ཏེ། མིའི་སྐད་སྒྲ་དང་རོལ་ཆས་ཀྱི་སྐད་སྒྲས་མི་ཟིན་པའི་སྐད་ཁོངས་དང་འགྲོས་མྱུར་བཟོ་བ་དང་། དེ་མིན་ད་དུང་ཡིད་ཚོད་ཀྱི་སྐར་ཁམས་སྟོན་པའི་ཡུལ་གྱི་སྐད་སྒྲ་བཟོ་ཐུབ་པ་རེད།

  གློག་རྡུལ་རོལ་ཆ་ནི་རོལ་མོའི་ལོ་རྒྱུས་སྟེང་གི་གསར་བྱུང་སྒྱུ་རྩལ་གྱི་རྣམ་གྲངས་ ཡིན་པ་དང་།  དེས་སྲོལ་རྒྱུན་གྱི་རོལ་ཆས་སྤྱིར་བཏང་བའི་དཀྲོལ་སྟངས་ཐོད་བརྒལ་བྱས་ཏེ་སྒྲ་མདངས་དང་སྒྲ་སྐྱེད་གསར་རྐྱང་དང་རྒྱ་བསྐྱེད་པའི་དབྱངས་ཡུན་དང་དབྱངས་རིམ་གྱི་ ཐོག་ནས་སྒྲ་ཉིད་བྱེད་ཐུབ་སྲིད་པར་བྱས་ཡོད།

  གློག་གི་སྡེར་སྦྱོར་འཕྲུལ་ཆས་དང་རྩིས་འཁོར་གྱི་རོལ་མོ(Midi)བྱུང་བ་དེས་སླར་ཡང་གློག་རྡུལ་རོལ་ཆ་ཉིད་གོ་འཕང་གསར་པ་ཞིག་ལ་སྙེག་ཏུ་བཅུག་ཡོད་པ་རེད།

  གློག་རྡུལ་རོལ་ཆ་ལ་ཡང་རོལ་མོ་ཚོགས་པ་ཡོད་དེ། རོལ་ཆས་གཙོ་བོ་གློག་གི་ཀེ་ཐ་དང་། གློག་གི་པའེ་སི། གློག་སྦྲེང་། སྡེབ་སྦྱོར་འཕྲུལ་ཆས། སྒྲོམ་རྔ་སོགས་ཡོད།  དེ་དག་ལ་སྲོལ་རྒྱུན་གྱི་རོལ་ཆས་སྡེབ་སྒྲིག་བྱེད་པ་ཡང་ཡོད།

  • 顶 0